ངོ་འཕྲད་བདེ་བའི་དྲ་འབྲེལ།

མགོ་ལོག་པདྨ་རྫོང་དུ་ངོ་རྒོལ།

  • ཨ་རིའི་རླུང་འཕྲིན་ཁང་།

༄༅།། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༨་ནས་ཁ་སང་ཕྱི་ཚེས་༢༥་བར་དུ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། པདྨ་རྫོང་དང་གཅིག་སྒྲིལ་རྫོང་གི་བོད་པ་སེར་སྐྱ་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་དང་། ཁོང་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་རང་ཡུལ་ཆིབས་སྒྱུར་གནང་ཆོག་པའི་རང་དབང་སྤྲོད་དགོས་པ་དང་། པཎ་ཆེན་པོ་རིན་པོ་ཆེ་གཙོས་བོད་པ་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་ཞེས་འཕྲེད་དར་འཁྱེར་ནས་ཁྲོམ་སྐོར་བྱས་ཏེ། ད་ལྟ་རྒྱ་ནག་གཞུང་གིས་ཨ་སྐྱོང་ཇོ་ནང་དགོན་དང་ལྕགས་རི་དགོན། དར་ལག་དགོན་པ་བཅས་གོང་འཁོད་དགོན་སྡེ་གསུམ་གྱི་གྲྭ་བཙུན་ལ་དམ་དྲག་དང་། ས་གནས་ཀྱི་མི་མང་ལ་སུན་གཙེར་བྱེད་ཀྱི་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་དེའི་སྐོར་གྱི་གནས་ཚུལ་མཁོ་སྤྲོད་ཚངས་དབྱངས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG