ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

གསེར་རྟ་རྫོང་དུ་མི་གཉིས་བསད།


གསེར་རྟ་རྫོང་དུ་མི་གཉིས་བསད།
གསེར་རྟ་རྫོང་དུ་མི་གཉིས་བསད།

ཕྱི་ཟླ་༡་ཚེས་༢༤་ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་གསེར་རྟ་རྫོང་དུ་བོད་པ་སེར་སྐྱ་མང་ཚོགས་མཉམ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་པ་དང་། རྒྱ་གཞུང་གི་ཉེན་རྟོག་པས་མི་མང་ཁྲོད་དུ་མེ་མདའ་གང་འདོད་དུ་བརྒྱབ་ཏེ་མི་གཉིས་བསད་པ་མ་ཟད། མེ་མདའ་ཕོག་པའི་རྗེས་སུ་ཤི་གསོན་མི་ཤེས་པའི་མི་གསུམ་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་པར་བརྟེན། ད་ལྟ་ཁོང་ཚོ་ཤི་གསོན་ཅི་ཡིན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མི་ཐུབ་མེད་པ་དང་། ད་དུང་མི་བཅུ་ཕྲག་གཅིག་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་བཅས་ཀྱི་སྐོར། ཕ་ཡུལ་གསེར་རྟ་ནས་ཡིན་པ་གངས་སྨྱོན་ལ་ཚེ་རིང་སྐྱིད་ཀྱིས་བཅར་འདྲི་ཞུས་པ་ཞིག་དང་། ཡང་ཁ་སང་ཁམས་བྲག་མགོ་ས་གནས་སུ་ཡང་བོད་པ་ཚོས་ངོ་རྒོལ་བྱས་པའི་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་པ་གཉིས་བསད་ཅིང་། ད་དུང་མེ་མདའ་ཕོག་ནས་བོད་པ་རྨས་མ་དེ་ཚོར་སྨན་བཅོས་ཀྱང་བྱེད་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་འདུག་ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་བློ་བཟང་རྒྱལ་མཚན་ལ་བཅར་འདྲི་ཞུས་པའི་གནས་དེར་གསན་རོགས་གནང་།

XS
SM
MD
LG