ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁམས་བྲག་མགོ་ཁུལ་དུ་མི་གཅིག་བསད་ཅིང་མི་༣༢ལྷག་ལ་མེ་མདའ་ཕོག་པ

  • ཨ་རིའི་རླུང་འཕྲིན་ཁང་།

ཡོན་ཏན།

བོད་མདོ་ཁམས་བྲག་མགོ་རྫོང་དུ་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱེད་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་མི་མང་གི་ནང་མེ་མདའ་བརྒྱབ་སྟེ་ད་ལྟ་གནས་ཚུལ་ཁ་གསལ་ཞིག་ལ་མི་གཅིག་བསད་ཡོད་པ་དང་། མི་སུམ་ཅུ་ལྷག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་ལྕི་པོ་ཕོག་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་ཕ་ཡུལ་བྲག་མགོ་ནས་ཡིན་ཞིང་གནས་ཚུལ་ཐོག་མར་མཁོ་སྤྲོད་གནང་མཁན་བློ་བཟང་རྒྱལ་མཚན་ལགས་དང་མཉམ་དུ་ཚེ་རིང་སྐྱིད་ཀྱིས་གླེང་མོལ་གནང་ཡོད་པ་ཞིག་གསན་རོགས་གནང་།་

XS
SM
MD
LG