ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་སེ་ཊི་རེ་ལི་ཡ་དང་མ་ལེ་ཞི་ཡའི་སྐྱབས་བཅོལ་བའི་གྲོས་མཐུན།


༄༅།། ཉེ་བའི་ལོ་ཤས་ཤིག་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནས་ཨོ་སེ་ཊི་རེ་ལི་ཡར་སྐྱབས་བཅོལ་བ་ཡོང་རྒྱུ་ཇེ་མང་དུ་སོང་ཡོད་པ་དང་། ཕྱི་ཟླ་༧་ཚེས་༢༥་ཉིན་ཨོ་སེ་ཊི་རེ་ལི་ཡ་དང་མ་ལེ་ཞི་ཡའི་གཞུང་འབྲེལ་མི་སྣ་ཚོས་སྐྱབས་བཅོལ་བ་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ། ཨོ་སེ་ཊི་རེ་ལི་ཡའི་ས་ཐོག་ཏུ་འབྱོར་པའི་སྐྱབས་བཅོལ་བ་༨༠༠་ཐམ་པ་མ་ལེ་ཞི་ཡའི་གསོག་ཉར་ཁང་དུ་བཏང་ནས་ཞིབ་འཇུག་བྱེད་རྒྱུ་དང་། ཨོ་སེ་ཊི་རེ་ལི་ཡར་ཁྲིམས་འགལ་དུ་ཡོང་བའི་ཕྱི་མི་གཞིས་ཆགས་པ་སྟོང་ཚོ་༤་ལ་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།

འབྲེལ་ཡོད།

XS
SM
MD
LG