ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མེ་འཁོར་ལྕགས་ལམ་ལྷན་ཁང་གི་འགོ་ཁྲིད་ཁག་ཅིག་གོ་གནས་ཕབ།

  • ཨ་རིའི་རླུང་འཕྲིན་ཁང་།

རྒྱ་ནག་གི་མེ་འཁོར་ལྕགས་ལམ་ལྷན་ཁང་གི་འགོ་ཁྲིད་ཁག་ཅིག་གོ་གནས་ཕབ།

༄༅།། རྒྱ་ནག་གཞུང་གིས་ཨ་སྒོར་དུང་ཕྱུར་༣༣༠་ཐམ་པ་འགྲོ་གྲོན་བཏང་སྟེ། པེ་ཅིང་ནས་ཧྲང་ཧེ་གྲོང་ཁྱེར་བར་དུ་མགྱོགས་མྱུར་གྱི་མེ་འཁོར་ལྕགས་ལམ་གསར་པ་ཞིག་འཛུགས་སྐྲུན་བྱས་པ་དང་། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་དངོས་སུ་པེ་ཅིང་དང་ཧྲང་ཧེ་གྲོང་ཁྱེར་བར་གྱི་མགྱོགས་མྱུར་མེ་འཁོར་འགྲིམ་འགྲུལ་འགོ་ཚུགས་རུང་། ཕྱི་ཟླ་༧་ཚེས་༢༤་ཡི་མཚན་མོར་རྒྱ་ནག་གཞུང་གིས་ཕྱི་ལ་ངོམ་སོ་བྱེད་པའི་མགྱོགས་མྱུར་མེ་འཁོར་དེ་དང་འགྲུལ་སྐྱེལ་མེ་འཁོར་གཞན་པ་ཞིག་རྡུང་ཁ་བརྒྱབ་སྟེ། རྒྱ་ནག་གི་འགྲུལ་སྐྱེལ་མེ་འཁོར་དེ་དག་གི་ནང་དུ་ཡོད་པའི་འགྲུལ་པ་༤༠་ལྷག་ལ་སྲོག་སྐྱོན་དང་། འགྲུལ་པ་༢༠༠་ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད།

XS
SM
MD
LG