ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཤིན་ཅང་ཡར་རྒྱས་བཏང་ནས་ཞི་བདེ་སྐྲུན་ཐབས་བྱེད་པ།


རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་གཅིག་མཚུངས་ལྟར་ཞིན་ཅང་ལའང་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཏེ། ཞིན་ཅང་གི་དཔལ་འབྱོར་དང་འཛུགས་སྐྲུན། མི་དམངས་ཀྱི་འཚོ་བ་དང་བུ་ཕྲུག་གི་སློབ་གསོ་བཅས་པ་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཡོད་པ་དང༌། ཕྱི་ཟླ་༥་ཚེས་༡༧་ནས་ཚེས་༡༩་བར་དུ་པེ་ཅིང་ལ་ཞིན་ཅང་གི་ལས་དོན་ཚོགས་འདུ་ཚོགས་ཡོད་པ་མ་ཟད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཧུ་ཅིན་ཐའོ་ཡིས་ལོ་ལྔའི་ནང་ཚུད་དུ་ཞིན་ཅང་རྒྱ་ནག་གི་འབྱོར་འབྲིང་ཞིང་ཆེན་ཁག་གི་རྗེས་ཟིན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG