ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རི་སྐུ་ཚབ་དོན་གཅོད་ཁང་རྒྱལ་ས་ཝ་ཤིང་ཀྲོན་དུ་སྤོ་རྒྱུ་ཐུགས་གཏན་འཁེལ་པ།


ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི། སྐུ་ཚབ་དོན་གཅོད་ཁང་རིང་མིན་ཕྱི་ཟླ་ ༤ པའི་ཚེས་ཤར་ལ། རྒྱལ་ས་ཝ་ཤིང་ཀྲོན་དུ་སྤོ་རྒྱུ་ཐུགས་གཏན་འཁེལ་བ་ལྟར། ཁ་ས་དགོང་དྲོ་སྐུ་ཚབ་དོན་གཅོད་ཁང་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ནིའུ་ཡོག་ཁུལ་དུ་ཡོད་པའི་ཚོགས་སྐྱིད་ཁག་ཡོངས་རྫོགས་ཀྱི་སྐུ་ཚབ་མི་གྲངས་༧༠ལྷག་ཙམ་ལ། དགོང་དྲོའི་གསོལ་སྟོན་བཤམས་ཡོད་པ་དེར། སྐུ་ཚབ་དོན་གཅོད་དང་དོན་གཅོད་ཁང་གི་སྲི་ཞུ་བ་ཚང་མ་མཉམ་ཞུགས་གནང་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་མཆོག་གིས་གསུང་བཤད་ཀྱང་གནང་ཡོད་པ་རེད། སྐུ་ཚབ་དོན་གཅོད་ནས་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་བཟོ་བཅོས་འཛུགས་སྐྲུན་གྱི་ལས་གཞིར། དཔལ་འབྱོར་གྱི་མཐུན་རྐྱེན་སོགས་རྒྱབ་སྐྱོར་གནང་བར་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཕྱག་ཁྱེར་ཞིག་ཕུལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG