ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་སྐྱོང་ཁེ་ན་ཌར་ཕེབས་འབྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ལོ་ཉི་སྟོང་༡༨་ལོ་བོད་པ་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་སྲིད་གཞུང་ཁག་ལ་ཐུགས་རྗེ་ཆེ་ཞུ་བའི་ལོ་ཞིག་ཏུ་གཏན་ཁེལ་གྱིས་ལས་འགུལ་འདྲ་མིན་ཞིག་སྤེལ་དང་སྤེལ་བཞིན་ཡོད་ཅིང་། ད་ལྟ་སྲིད་སྐྱོང་བློ་བཟང་སེངྒེ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་ཕེབས་ནས་རྒྱལ་ཁབ་དེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་གནང་གི་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཁེ་ན་ཌའི་ཨོན་ཊ་རི་ཡོ་མངའ་སྡེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླང་དཀར་ལགས་སུ་སྲིད་སྐྱོང་གི་མཛད་རིམ་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

XS
SM
MD
LG