ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྟོན་པ་སྐུ་བལྟམས་པའི་དུས་ཆེན་སྲུང་བརྩི།


༄༅།། རྒྱ་གར་གཙོས་འཛམ་གླིང་གི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་གནས་མཆོག་རྡོ་རྗེ་གདན་དང་ནང་པའི་ཡུལ་གྲུ་གང་སར་གནས་བརྟན་སྡེ་པའི་ལུགས་སུ་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་པར་ཅན་གསུམ་མཉམ་དུ་ཁེལ་བའི་དུས་ཆེན་འདི་སྲུང་རྩི་ཞུས་པ་མ་ཟད། གནས་བརྟན་སྡེ་པའི་ལུགས་སུ་ལོ་འདི་སྟོན་པ་སྐུ་བལྟམས་ནས་ལོ་༢༥༦༢་འཁོར་ཡོད་པར་བརྟེན། ནང་པ་སངས་རྒྱས་པའི་རྗེས་འབྲང་བ་དད་ལྡན་མང་ཚོགས་བརྒྱ་ཕྲག་མང་པོས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་བཞིན་ཕྱག་དང་མཆོད་འབུལ། སྦྱིན་གཏོང་དང་སྲོག་བླུ་སོགས་རྣམ་དཀར་དགེ་བའི་ལས་རྒྱ་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་ཞིབ་ཕྲ་ཞིག་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG