ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ཧིན་རྡུ་གནས་སྐོར་བ་ཚོར་མ་ཕམ་གཡུ་མཚོའི་ནང་འཛུལ་འཇུག་གི་མེད་པ།


སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་མཇལ་བར་འགྲོ་མཁན་རྒྱ་གར་གྱི་ཧིན་རྡུ་གནས་སྐོར་བ་ཚོ་ ཉིན་མང་པོ་འགྲུལ་བཞུད་བྱས་ཏེ་གནས་མཇལ་སར་འབྱོར་བའི་སྐབས་རྒྱ་ནག་གཞུང་གིས་ཁོང་ཚོར་ མ་ཕམ་གཡུ་མཚོའི་ནང་འཛུལ་དུ་མ་འཇུག་པར་དམ་དྲག་བྱེད་ཀྱི་འདུག་ཅེས་ གནས་སྐོར་བ་ཚོས་སྐྱོན་བརྗོད་བྱས་འདུག་པ་དང་ འོན་ཀྱང་ རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གནས་ཚུལ་དེ་བདེན་པ་ཡིན་སྲིད་ཀྱི་མ་རེད་གསུངས་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG