ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པར་དགག་པ།


ཉེ་ཆར་བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སྤེན་པ་དབང་འདུས་ཀྱིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་ཕེབས་ནས་རགྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་སུ་གཏམ་བཤད་བྱས་པ་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་སྐོར་ལ་སྐད་ཆ་ཚ་ནན་དྲིས་པ་མ་ཟད། ཁ་སང་ཚེས་༩་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་ཆེད་བསྒྲགས་ཤིག་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་དེ་དག་གི་སྐད་ཆར་མཉན་ན་ཁོ་ཚོས་བོད་ནང་གི་གནས་སྟངས་ངོ་མ་མཚོན་ཐུབ་ཀྱི་མི་འདུག་ཅེས་དགག་པ་རྒྱབ་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་སུ་ཁ་པར་ཐོག་ཏུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG