ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བཞུགས་སྒར་དུ་རྒྱལ་སྤྱིའི་རླུང་སྦྱོར་ཉིན་མོར་སྲུང་བརྩི།


དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་ཁོངས་སུ་ཕྱི་ཟླ་༦་ཚེས་༢༡་ཉིན་རྒྱལ་སྤྱིའི་རླུང་སྦྱོར་ཉིན་མོར་སྲུང་བརྩི་ཞུས་པར་མཉམ་ཞུགས་གནང་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལར་དེ་རིང་ཚེས་༢༡་ཉིན་རྒྱལ་སྤྱིའི་རླུང་སྦྱོར་ཉིན་མོར་སྲུང་བརྩི་བའི་ཆེད་དུ་ཡོ་ག་སྦྱོང་བརྡར་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟན་བཀའ་བློན་དབུས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཁག་ཅིག དེ་བཞིན་སྲི་ཞུ་བ་དང་སློབ་ཕྲུག མང་ཚོགས་སོགས་མཉམ་བཞུགས་བྱས་ཡོད་པར་མ་ཟད། ཡོ་གའི་དགེ་རྒན་ཚེ་རིང་དབྱངས་འཛོམས་དང་མཉམ་ཞུགས་པ་ཁག་ཅིག་ལ་བཅར་འདྲི་ཞུས་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG