ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཚོ་བཞུགས་ཡིན་སྐད།


ཕྱི་ལོ་༢༠༡༨་ལོའི་ཟླ་བ་༤་ཚེས་༢༥་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་གྷ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས་སུ་གསར་འགོད་པ་ཞིག་གིས་དེ་རིང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ཡིན་པས་དགོངས་ཚུལ་ཞིག་གསུང་རོགས་ཞེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་ངོས་ནས་སྲོལ་རྒྱུན་ལྟར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་ཡོད། རྒྱ་ནག་གཞུང་གིས་ཀྱང་པཎ་ཆེན་གྱི་ཡང་སྲིད་གཅིག་བདམས་ཡོད་པས་ཅུང་ཙམ་རྙོག་དྲ་ཚ་པོ་རེད། ད་བར་ངོས་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཤེས་རྟོགས་ཅི་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་ཀྱང་ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན་ད་ལྟ་ཁོང་སྐུ་འཚོ་བཞུགས་ཡིན་པ་དང་རྒྱུན་ལྡན་གྱི་སློབ་གཉེར་གནང་མུས་ཡིན་པའི་གནས་ཚུལ་ཞིག་གོ་ཐོས་བྱུང་ཅེས་བཀའ་ལན་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG