ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བརླགས་ནས་ལོ་༢༣་འཁོར་པ།


དེ་རིང་སྟེ་སྤྱི་ཟླ་༥་པའི་ཚེས་༡༧་ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༡༩༩༥་ལོར་ངོས་འཛིན་མཛད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ། ཡངས་གྲགས་སུ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ལོ་༢༣་འཁོར་པའི་ཉིན་མོ་ཡིན་ཞིང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དེ་རིང་བཞུགས་སྒར་རྡ་རམ་ས་ལར་པཎ་ཆེན་རིན་པོ་ཆེ་བཙོན་འཇུག་གམ། ཡང་ན་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་༢༣་འཁོར་པར་དྲན་གསོ་དང་པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། ས་གནས་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG