ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། དབྱིན་ཡུལ་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་སྣེ་ཚོས་དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་ཁག་དང་མཇལ་འཕྲད་ཀྱིས་ད་བར་དབྱིན་ཇིའི་གཞུང་དམངས་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཕྱོགས་མཚུངས་ཕྱི་ཚེས་༦་སྟེ། རེས་གཟའ་པ་སངས་ཉིན་དབྱིན་ཡུལ་ནང་བསྟན་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་མགྲོན་འབོད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་༨༣་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐོར། རྒྱལ་མཚན་ཚེ་རིང་ལུགས་ཀྱིས་དབྱིན་ཡུལ་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཕྱག་རོགས་བསྟན་འཛིན་ཀུན་དགའ་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།།

དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུགས་རྗེ་ཆེ།
please wait

No media source currently available

0:00 0:09:23 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG