ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

དཔལ་རྒྱལ་བ་ཀརྨ་པའི་འཁྲུངས་སྐར་དང་ཁོར་ཡུག་སྲུང་སྐྱོབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་ལྷོ་ཕྱོགས་སུ་ཕྱག་བཏབ་པའི་བཀའ་བརྒྱུད་ནཱ་ལནྡྲ་དགོན་པར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱི་ལུགས་ལྟར་དགུངས་འཁྲུངས་༣༣་ལ་ཕེབས་པའི་འཁྲུངས་སྐར་སྔོན་བསུས་དང་སྦྲགས། འཛམ་གླིང་གི་ཁོར་ཡུག་ཉིན་མོར་སྲུང་བརྩི་ཞུས་ཡོད་ཅིང་། སྤྱིར་བཀའ་བརྒྱུད་ནཱ་ལནྡྲ་དགོན་པས་རང་བྱུང་ཁོར་ཡུག་གཅེས་སྐྱོང་ཐད་དུ་འདས་པའི་ལོ་མང་པོའི་རིང་ལ་འབད་བརྩོན་བྱས་ཏེ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གིས་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དགོན་པའི་གླིང་དུ་ཤིང་ནགས་འདེབས་འཛུགས། སྐྱེས་ལྡན་སྲོལ་རྒྱུན་གྱི་ས་ཞིང་འདེབས་ལས་སོགས་ལས་གཞི་སྣ་མང་ཞིག་གཉེར་གྱི་ཡོད་པ་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་སུའང་ཤིང་སྡོང་འདེབས་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་ཡོངས་སུ་གྲགས་པའི་ཆུ་བོ་ཆེན་པོ་ཀ་ཝེ་རི་ལའང་སྲུང་སྐྱོབ་ཆེད་དུ་ས་གནས་རྒྱ་གར་བ་དང་མཉམ་ལས་བྱེད་བཞིན་ཡོད་པའི་སྐོར། བསོད་ནམས་དབྱངས་འཛོམས་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG