ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊོམ་དང་ཀིམ་གྱི་ཐུག་འཕྲད་དང་རྒྱ་ནག་གི་ཁེ་ཕན།
please wait

No media source currently available

0:00 0:03:53 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨིན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕྱི་འབྲེལ་འཛུགས་རྒྱུ་སོགས་ལ་གྲོས་མོལ་བྱ་འཆར་ཡོད་པ་དེར་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་ངེས་གཏན་མེད་ཀྱང་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན། བྱང་ཀོ་རི་ཡས་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ལ་སྒོ་མོ་འབྱེད་པ། ཨ་མི་རི་ཀའི་ཤུགས་རྐྱེན་འོག་ཏུ་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་མི་འབྱུང་བ། རྒྱ་ནག་གི་སྲུང་སྐྱོབ་དོན་དུ་བྱང་ཀོ་རི་ཡ་སྔར་བཞིན་བར་དཀྱིལ་དེར་སྲ་བརྟན་དུ་གནས་ཐུབ་རྒྱུ། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དུས་སུ་རྒྱ་ནག་གི་ཁེ་ཕན་ལ་གནོད་སྐྱོན་མི་འབྱུང་བའི་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་༣པའི་ནང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་ནས་བཟུང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་པའི་ནང་དོན་ཞིབ་ཕྲ་ཁག་གསར་འགོད་པ་ཚོར་ཕྱིར་བསྒྲགས་བྱས་མེད་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡར་ཨ་མི་རི་ཀའི་དམག་དཔུང་རྣམས་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བྱ་དགོས། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་བཞག་ཡོད་པ་ཕྱིར་བསྡུ་བྱ་དགོས་པའི་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱ་རྒྱུ། བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་ཚོང་ལས་སྒོ་འབྱེད་སོགས་མཉམ་དུ་ལག་ལེན་བསྟར་དགོས་ཞེས་སྐུལ་ལྕག་བཏང་སྟེ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་བསྡུ་ཐུབ་པའི་སྲིད་ཇུས་ཤིག་བཟུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉེ་ཆར་སིང་ག་པུར་དུ་འཚོགས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཏུ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་དང་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་གྲོས་མོལ་གཉིས་ངོ་བོ་ཐ་དད་ཡིན། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཨ་མི་རི་ཀའི་དམག་དཔུང་རྣམས་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བྱ་དགོས་པ་དང་། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་བཞག་ཡོད་པ་གྲོས་གཞིའི་ཁོངས་སུའང་མེད། ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་དང་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་ཨ་མི་རི་ཀའི་དམག་དཔུང་དགོས་ངེས་ཡིན་པ་ཤེས་གསལ་རེད་ཅེས་ནན་བརྗོད་བྱས་འདུག ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་འཚབ་བྱེད་ས་གཙོ་བོ་ཞིག་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་འབྱུང་སྲིད་པ་དང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་འགྲོ་སྲིད་པའི་ཉེན་ཀ་ཡིན་ཞིང་། དེར་བརྟེན་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་འགྲོ་རུ་མི་འཇུག་པ་དང་རྒྱ་ནག་གིས་བྱང་ཀོ་རི་ཡ་ཁ་ལོ་སྒྱུར་ཐུབ་པའི་ཤུགས་རྐྱེན་ཉམས་དམས་སུ་འགྲོ་རུ་མི་འཇུག་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་པ་སྟེ། རྒྱ་ནག་གིས་བྱང་ཀོ་རི་ཡ་བཀོལ་སྤྱོད་བྱས་ནས་ཨ་མི་རི་ཀར་ཚོང་ལས་ཀྱི་འགལ་རྐྱེན་སེལ་ཐུབ་པའི་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ནས་བྱང་ཀོ་རི་ཡ་རྒྱ་ནག་གི་ཤུགས་རྐྱེན་འོག་ནས་ཐར་མྱོང་མེད་པ་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་དེར་རེ་བ་ཆེན་པོ་ཞིག་འཆང་གི་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲོས་མོལ་འདི་ཡག་པོ་ཞིག་མ་བྱུང་ན་ངས་གྲོས་མོལ་མཚམས་བཞག་ནས་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་ཡིན། ཡིན་ནའང་གྲོས་མོལ་མཚམས་བཞག་ནས་ཕྱིར་ལོག་བྱ་མི་དགོས་པའི་རེ་བ་ཡོད། ད་ཐེངས་ཀྱི་གྲོས་མོལ་འདི་གཅིག་པུས་གནད་དོན་ཚང་མ་ཐག་གཅོད་བྱེད་ཐུབ་པའི་རེ་བ་འཆང་གི་མེད། གཅིག་བྱས་ན་ངས་ཀིམ་ཇུང་ཨུན་ཕོ་བྲང་དཀར་པོར་གདན་འདྲེན་ཞུ་སྲིད་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱ་སྲིད། ད་དུང་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་མཉམ་དུ་ལག་ལེན་བསྟར་དགོས་ཞེས་གྲོས་གཞི་འདོན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་ཀོ་རི་ཡའི་དམག་འཁྲུག་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་ལ་མིང་རྟོགས་འགོད་སྲིད། ཁ་སྔོན་ཕྱི་ཟླ་༤་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་གྲོས་མཐུན་ཞིག་འཇོག་རྒྱུའི་གྲོས་མོལ་བྱས་ཡོད་པ་རེད།།

XS
SM
MD
LG