ངོ་འཕྲད་བདེ་བའི་དྲ་འབྲེལ།

གྲྭ་བ་ཚོ་གཞུང་གི་སློབ་གྲྭར་ཞུགས་དགོས་པའི་བཙན་བཀའ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ཟླ་༧་པའི་ཚེས་༡༠་ཉིན་རྫ་ཆུ་ཁའམ་སེར་ཤུལ་རྫོང་གི་དགོན་པ་རྣམས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་ལོ་ན་བཅོ་ལྔ་ལ་མ་སོན་པའི་གྲྭ་བཙུན་རྣམས་དགོན་པ་ནས་སྡོད་མི་ཆོག་པར། ངེས་པར་དུ་གཞུང་གིས་བཙུགས་པའི་སློབ་གྲྭར་ཞུགས་དུ་འཇུག་དགོས་པའི་བཀའ་བཏང་སྟེ། གྲྭ་བཙུན་ལོ་ཆུང་རྣམས་བཙན་གྱིས་སློབ་གྲྭར་སྐྱེལ་དུ་བཅུག་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་རྫ་སེར་ཤུལ་དགོན་པར་ན་གཞོན་སློབ་མ་མང་པོ་ཞིག་ཁྲིད་ནས་འགྲོ་བཞིན་པའི་བརྙན་པར་མཐོང་རྒྱུ་འདུག་ཅིང་། བརྙན་པར་འདིའི་ནང་དུ་མཐོང་བའི་སློབ་ཕྲུག་འདི་ཚོ་ཚང་མ་སྐྱ་སར་ཕབ་ནས་གཞུང་བཙུགས་སློབ་གྲྭར་བསྐྱལ་བཞིན་ཡུལ་དངོས་ཡིན་མིན་གྱི་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཞིག་བྱེད་ཐབས་མེད་ནའང་། སྐད་འཕྲིན་དང་ངོ་དེབ་སོགས་དྲ་རྒྱའི་བརྒྱུད་ལམ་དུ་གནས་ཚུལ་འདི་ནི་ཁ་སང་སྤྱི་ཚེས་བཅུ་ལ་སེར་ཤུལ་དགོན་དུ་བྱུང་བའི་དངོས་ཡོད་གནས་ཚུལ་ཡིན་པའི་འགྲེལ་བརྗོད་བྱས་འདུག་ཅིང་། ཐེངས་འདིར་རྫ་སེར་ཤུལ་དགོན་གཅིག་པོ་ནས་ལོ་ན་བཅོ་ལྔའི་མན་གྱི་གྲྭ་བཙུན་ཉིས་བརྒྱ་ལྷག་གཞུང་གི་སློབ་གྲྭར་བསྐྱལ་འདུག་པ་དང་། དེ་མིན་སེར་ཤུལ་རྫོང་གི་དགོན་སྡེ་གཞན་པ་ཁག་གི་ནང་དུའང་དེ་བཞིན་གྲྭ་བཙུན་མང་པོ་གཞུང་གི་སློབ་གྲྭར་བསྐྱལ་གྱི་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱ་ནག་ས་གནས་གཞུང་གིས་བཀའ་བཏང་སྟེ་སེར་ཤུལ་རྫོང་གི་ནང་ལོ་ན་བཅོ་ལྔའི་མན་གྱི་གྲྭ་བ་ཚོ་དུས་ལྟར་གཞུང་གིས་བཙུགས་པའི་སློབ་གྲྭར་མ་བསྐྱལ་བ་ཡིན་ན་དགོན་པའི་དགོན་བདག་ལས་སྣེ་དང་དགེ་རྒན་ཕ་མ་སོགས་ལ་ཁྲིམས་ཆད་གཅོད་སྲིད་པའི་འཇིགས་སྐུལ་ཡང་བྱས་ཡོད་པའི་གནས་ཚུལ་ཡང་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་རེད། རྒྱ་ནག་གཞུང་གིས་གྲྭ་བཙུན་ལོ་ཆུང་ཚོ་འདི་ལྟར་བཙན་གྱིས་གཞུང་བཙུགས་སློབ་གྲྭར་ཞུགས་ཏུ་འཇུག་བཞིན་པའི་གནས་ཚུལ་འདི་ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ནང་དུ་སྤེལ་ཡོད་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་རྫོང་ཁག་གཞན་པའི་ནང་དུའང་དེ་ལྟར་ལག་བསྟར་བྱེད་བཞིན་ཡོད་པ་རེད། སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཁག་གི་ནང་དུ་དམིགས་བསལ་གྱིས་སྟངས་འཛིན་བྱ་རྒྱུའི་མགོ་བཙུགས་ཡོད་དེ། སྐབས་དེ་ནས་དབུས་ཀྱི་གདན་ས་གསུམ་དུ་སློབ་གཉེར་གནང་བཞིན་པའི་ས་ཆ་གཞན་གྱི་སློབ་གཉེར་བ་ཚང་མ་བཙན་གྱིས་སོ་སོ་རང་གི་དགོན་པའི་ནང་ཕྱིར་ལོག་ཏུ་བཅུག་ཡོད་པ་མ་ཟད། གསེར་རྟ་སྒར་དང་ཡ་ཆེན་སྒར་ནས་ཀྱང་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་གྱིས་ཕྱིར་ཕུད་བཏང་ཡོད་ལ། བོད་རང་གི་རང་རྐྱ་འཕེར་བའི་སློབ་གཉེར་གྱི་ལུགས་སྲོལ་རྒྱུན་འཛིན་བྱེད་བཞིན་པའི་དགོན་པ་དག་ནི་མི་རིགས་ཁ་བྲལ་བའི་གཏེ་བོ་ཡིན་པའི་ངོས་འཛིན་བྱས་ཏེ་དགོན་པའི་གྲྭ་བཙུན་གྱི་གྲངས་ཀ་ཉུང་རུ་གཏོང་རྒྱུ་ནི་རྒྱ་གཞུང་གིས་བོད་ཀྱི་ཐོག་ཏུ་འཛིན་པའི་སྲིད་ཇུས་གཙོ་བོ་ཞིག་ཡིན་པ་དང་། དེ་ཡི་ཞོར་དུ་ས་གནས་སོ་སོ་ནས་རརང་གིས་ནང་བསྟན་སློབ་གྲྭ་ཅེས་པ་ཟུར་དུ་བཙུགས་ནས་གྲྭ་བ་དག་ཀྱང་སྲིད་གཞུང་གི་སྒྲིག་གཞིའི་འོག་ཚུད་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ཀྱང་མི་རྣམས་ཀྱིས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

དགོན་པར་བཙན་དབང་།
please wait

No media source currently available

0:00 0:02:12 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG