ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་ཚོར་མཇལ་འཕྲད།


རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༢༠་ལྷག་གིས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། སྐུ་ཚབ་ཚོགས་པ་དེ་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་འཕེལ་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་དེས་རྒྱ་གར་གྱི་གྲངས་ཉུང་མི་རིགས་ཁག་དང་རིགས་རུས་དམན་པར་གྲགས་པའི་ཡུལ་མི་ཚོར་ལྟ་རྟོག་གི་ལས་འགན་ཁུར་ཡོད་པ་རེད། དེ་རིང་ཕྱི་ཟླ་༤་པའི་ཚེས་༣༠་ཉིན་གྱི་ཞོགས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེའི་ཚོགས་མི་ཚོར་མཇལ་འཕྲད་དང་བཀའ་སློབ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG