ཐེངས་འདིའི་ཁྲིམས་དང་རང་དབང་གི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་བརྗོད་པའི་ལེ་ཚན་ནང་ མིང་བཙན་རྒྱལ་གྱི་ནང་སྲིད་དོ་དམ་ལྷན་ཁང་གི་ས་ཞིང་ཐོ་བཀོད་ལྟར་ན་བོད་མིང་བཙན་རྒྱལ་གྱི་མངའ་ཁོངས་མིན་པ་བདེན་དཔང་ཡང་དག་བྱས་ཡོད།
ཟླ་འདིའི་ཕྱི་ཚེས་༡༠ ནས་༡༥ བར་པུ་ན་རྒྱལ་སྤྱིའི་སློབ་གཉེར་ཁང་ནང་སློབ་གཉེར་གནང་མཁན་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་སློབ་ཕྲུག་༡༤ བདུན་ཕྲག་གཅིག་རིང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བོད་ཀྱི་རིག་གཞུང་སྤྱི་དང་ནང་དོན་རིག་པ། ཚད་མ་རིག་པ། དགོན་པའི་ཤེས་ཡོན་སློབ་སྦྱོང་གནང་སྟངས་བཅས་ཀྱི་ཐད་ལྟ་སྐོར་དང་རྒྱུས་ལོན་གནང་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནང་འཚེ་མེད་ཞི་བའི་ཐོག་ནས་རང་དབང་འཐབ་རྩོད་གནང་མཁན་སྙན་གྲགས་ཅན་མར་ཊིན་ལུ་དྷར་ཀིང་གི་སྲས་དང་། ཁོང་གི་ནང་མི་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་ ༡༨ ཉིན་མགོན་པོ་མཆོག་ནས་ཁོང་རྣམས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་གཙོ་བོ་སྔོན་རྩིས་གྲོས་ཚོགས་དེ་རིང་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཚོགས་གཙོ་དབུ་བཞུགས་ཀྱི་ཐོག་ནས་འཚོགས་གནང་ཡོད་པ། ཚོགས་གཙོས་དབུ་འཛུགས་གསུང་བཤད་ནང་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་གཞིགས་བྱེད་དགོས་པའི་རེ་འདུན་བཏོན་གནང་སོང་།
རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་བའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐོག་བོད་བརྒྱུད་ནང་པའི་དགེ་འདུན་པ་ཁག་ཅིག་གདན་ཞུ་གནང་བ་ལྟར་ལྷན་ཚོགས་ནང་མཉམ་བཞུགས་གནང་ཡོད་པའི་སྐོར་རྒྱན་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་སྙན་སྒྲོན་གནང་གི་རེད།
རྒྱལ་སྤྱིའི་ཕ་སྐད་ཉིན་མོར། བོད་ནང་དྲྭ་ལམ་ཐད་གཏོང་བརྒྱུད་ཕ་སྐད་དང་རྒྱུན་ཤེས། བོད་སྐད་ནང་བེད་སྤྱོད་གཏོང་བའི་དྲྭ་ལམ་ཐ་སྙད་བཅས་ཀྱི་སྐོར་ལ་འགྲན་སྡུར་ཐེངས་དང་པོ་ཚུགས་ཏེ། ཉིན་ཤས་གོང་མཇུག་གྲུབ་ཡོད་པ་དང་། མང་ཚོགས་མང་པོའི་དོ་སྣང་དང་དགའ་བསུ་བྱས་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་བཞིན་སྔ་ལོའི་ཟླ་བ་དགུ་པའི་ནང་དབུ་འཛུགས་སྐབས་མཇུག་སྐྱོང་མ་ཐུབ་པའི་ལས་རིམ་ལྷག་མ་དེ་ཟླ་འདིའི་ཚེས་ ༡༣ ནས་ལས་ཉིན་བཞིའི་རིང་ཚོགས་ཏེ། དེ་རིང་ཕྱི་ཟླ་༣ ཚེས་༡༦ ཉིན་མཇུག་སྒྲིལ་གནང་སོང་། སྐབས་དེར་ཚོགས་གཙོས་མཇུག་བསྡོམས་ཀྱི་གསུང་བཤད་གནང་།
བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་རེས་གཟའ་ལྷག་པའི་ཉིན་ཁེ་ན་ཌའི་ནང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འདུག་པ་དང་། ཁོང་ནི་བོད་མི་ཚོ་བཙན་བྱོལ་བ་ཚོ་དཀའ་ངལ་ཆེ་བའི་སུ་༧གོང་ས་མཆོག་གི་དབུ་འོག་ཞབས་ཞུ་གནང་མཁན་མི་སྣ་གཅིག་ཡིན་པའི་སྐོར།་རྣམ་རྒྱལ་ཤཱསྟྲིས་རྗེས་དྲན་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང་།
དེ་རིང་ཕྱི་ཟླ་༣ ཚེས་༡༤ འཛམ་གླིང་ཆུ་བོ་སྲུང་སྐྱོབ་ཅེས་པའི་ཉིན་མོ་སྲུང་བརྩི་དང་འབྲེལ་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ད་ལྟའི་ཆར་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་སྐོར་ལ་ཁོར་ཡུག་ཆེད་ལས་པ་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་ཚོགས་འདུ་ཞིག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འཚོཊ་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་དོན་སྙིང་བསྡུས་སྙན་སྒྲོན་གྲུབ་མཚམས་ནང་སྲིད་ལས་ཁུངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་བཀའ་འདྲི་གནང་བའི་ནང་།
༄༅། །ཨ་རིའི་གྲོས་ཚོགས་ཁང་གི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་ཁྲིམས་བཟོ་བ་གཉིས་ཀྱིས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཆོད་གཅིག་གྲོས་ཚོགས་ནང་ངོ་སྤྲོད་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།