ཁྱེད་ལ་སྤྱང་གྲུང་ཁ་པར་ཡོད་དམ། གལ་ཏེ་ཡོད་ན་ད་ནི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་གསར་ཤོས་དག་ཉིད་ཀྱི་ཁ་པར་དང་ལག་དེབ་སྟེང་མཐོང་ཐུབ། ང་ཚོའི་བཀོལ་ཆས་ནི་iPhone དང་། iPad, iPod Touch བཅས་ཀྱི་ནང་བཀོལ་ཐུབ་པ་དང་། Android མ་ལག་བེད་སྤྱོད་བྱེད་པའི་ལག་དེབ་ཏུའང་བཀོལ་ཐུབ།


བཀོལ་ཆས་འདི་ལ་གཤམ་གྱི་ཁྱད་ཆོས་དག་ཡོད།

སྐད་རིགས་བཞི་བཅུ་ལྷག་ལས་རང་འདོད་ལྟར་བསྒྲིགས་ཆོག

པར་དང་། བརྙན། སྒྲ་བཅས་ལ་རོལ་ཐུབ་པར་མ་ཟད། ཐད་གཏོང་སྒྲ་བརྙན་གཉིས་ཀ་ཡོད།

དྲ་ལམ་འགོག་བྱེད་དག་བརྒལ་བའི་ལྐོག་ལམ་ནང་འཇུག་བྱས་ཡོད།

སྐབས་ཐོན་གསར་འགྱུར་བྱུང་ཚེ་བརྡ་ཐོ་སྟོན།

རླུང་འཕྲིན་གྱི་podcast ནི་ཕབ་ལེན་བྱེད་མི་དགོས་པར་ཉན་ཐུབ།

སྒྲིག་བཀོད་འདེམས་ཏེ་ཕབ་ལེན་གྱི་དུས་ཚོད་ཐུང་དུ་བཏང་ནས་དྲ་ལམ་བོངས་གྲོན་དམའ་རུ་གཏོང་།

གནས་ཚུལ་དང་བརྙན། པར་སོགས་ཕབ་ལེན་བྱས་ཚེ་དྲ་ལམ་མེད་ས་ནས་ཀྱང་ལྟ་ཉན་བྱེད་ཐུབ།

གཙོ་ངོས་ནི་རང་གི་འདོད་པ་ལྟར་སྒྲིག་བཀོད་བྱས་ཆོག

དྲ་ལམ་མེད་ས་ནས་ཕབ་ལེན་དང་། རྗེས་སུ་ལྟ་ཀློག་བྱ་རྒྱུའི་གསར་འགྱུར་འདེམ་སྒྲུག་བྱེད་ཐུབ།

དགའ་ཤོས་ཀྱི་སྒྲུང་དང་། བརྙན། པར་སོགས་གློག་འཕྲིན་དང་འཕྲུལ་དྲ། ངོ་དེབ་སོགས་སུ་བརྒྱུད་སྤེལ་བྱེད་ཆོག

ཁྱེད་ཀྱི་པར་དང་བརྙན། སྒྲ གསར་འགྱུར་ཡིག་ཆ་སོགས་ཐད་ཀར་དུ་ཨ་རིའི་རླུང་འཕྲིན་ཁང་ལ་གཏོང་ཐུབ།