ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནང་མ་སྟོད་གཞས་ཀྱི་གཞས་པ་འཇམ་དབྱངས་ཆོས་ལྡན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འཇམ་དབྱངས་ཆོས་ལྡན་ལགས་ནི་ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་གཞས་དང་རོལ་ཆ་ལ་དོ་སྣང་ཆེ་བས་བོད་ཁྱིམ་སློབ་གྲྭ་བཞག་སྟེ་བོད་ཀྱི་ཟློས་གར་ཚོགས་པར་འཛུལ་ཞུགས་གནང་འདུག་པ་དང་། བོད་ཀྱི་ཟློས་གར་ཚོགས་པར་སྲོལ་རྒྱུན་གླུ་གཞས་དང་རོལ་ཆའི་རིགས་ལ་སྦྱང་པ་མཐར་སོན་ཏེ། ནང་མ་སྟོད་གཞས་ལ་མཁས་ཤིང་། དེང་དུས་ཀྱི་གླུ་གཞས་གཏོང་མཁན་གྲགས་ཅན་ཞིག་ལ་གྱུར། ཁོང་ལ་གསུང་སྙན་འཇིབ་ལྡན་ལ་མགྲིན་འགུག་སོགས་བཟང་བའི་ཁྱད་ཆོས་ཡོད་པར་བརྟེན་བོད་ཀྱི་ཟློས་གར་ཚོགས་པའི་ཨ་ཀ་མ་ཞེས་པའི་རོལ་ཚོགས་ཀྱི་གཞས་པ་གཙོ་བོར་གྱུར་ནས་གླུ་གཞས་ཀྱི་འོད་སྡེར་རིམ་པར་འདོན་སྤེལ་བྱས་པའི་ནང་རྐྱང་གཞས་མང་པོ་བཏང་ཡོད། ད་རིང་ང་ཚོས་ཁོང་ལ་སྐད་གདངས་ཡར་རྒྱས་གཏོང་ཕྱོགས་དང་དེ་དག་རོལ་ཆ་དང་མཐུན་པ་གཏོང་ཐབས་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།

XS
SM
MD
LG