ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བོད་པས་བོད་པར་དཔལ་འབྱོར་གྱི་རོགས་རམ་བྱེད་པའི་དགོས་གལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདས་པའི་ལོ་བཅུ་ཕྲག་བཞི་ཙམ་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་བཅས་ཕྱི་རྒྱལ་གྱི་རོགས་རམ་ལ་ཤུགས་ཆེར་བརྟེན་ཡོད་པ་དང་། བར་ལམ་ནས་གནས་སྟངས་དེར་འགྱུར་བ་ཞིག་ཡོང་གི་ཡོད་དང་ཆབས་ཅིག བོད་པའི་ནང་ནས་ལས་དོན་དེ་དག་ལ་དཔལ་འབྱོར་གྱི་རོགས་རམ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ད་དུང་བོད་པ་ཚོས་བོད་པའི་ལས་དོན་ལ་དཔལ་འབྱོར་གྱི་རོགས་རམ་ཤུགས་ཆེ་རུ་གཏོང་དགོས་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་། དེ་ལྟར་བྱེད་མ་ཐུབ་ཚེ་ལས་འཆར་མང་པོར་དཀའ་ངལ་འཕྲད་ཉེན་ཡོད།

XS
SM
MD
LG