རྒྱ་ནག་གི་སྐྱོན་འཛུགས་ལ་ཨ་རིའི་རླུང་འཕྲིན་ཁང་གི་དགག་པ།

རྒྱ་ནག་གི་སྐྱོན་འཛུགས་ལ་ཨ་རིའི་རླུང་འཕྲིན་ཁང་གི་དགག་པ།i
X
06.02.2013
རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་གསར་འགྱུར་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་སྨན་ཁང་དུ་ཡོད་པ་ཞིག་བསྟན་པ་དང། མི་དེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་ལ་བལྟས་རྗེས་རང་ལུས་མེར་སྲེག་བཏང་བ་ཡིན་ཞེས་བརྗོད་ཡོད་པ་རེད།
​རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་གསར་འགྱུར་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་སྨན་ཁང་དུ་ཡོད་པ་ཞིག་བསྟན་པ་དང། མི་དེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་ལ་བལྟས་རྗེས་རང་ལུས་མེར་སྲེག་བཏང་བ་ཡིན་ཞེས་བརྗོད་ཡོད་པ་རེད།

རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་ཁང་ངམ། ཡང་ན་དབུས་བརྙན་འཕྲིན་ཁང་གིས་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་མི་ན་གཞོན་ཞིག་གིས་རང་ལུས་མར་སྲེག་བཏང་བ་བརྗོད་གཞི་བྱས་ཏེ་བརྙན་འཕྲིན་གྱི་གསར་འགྱུར་ལས་རིམ་ཞིག་སྟོན་བཞིན་ཡོད་ཅིང་། གསར་འགྱུར་དེའི་ནང་ལ་རང་ལུས་མེར་སྲེག་བཏང་བ་ཕྱི་ལོགས་ནས་ངན་སྐུལ་བྱས་པ་རེད་ཅེས་གསལ་སྟོན་བྱས་ཡོད་པ་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ངན་སྐུལ་གསང་བརྡ་གཏོང་གིན་འདུག་ཅེས་སྐྱོན་འཛུགས་བྱས་མོད། འོན་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཌེ་ཝི་ཌེ་ཨན་སོར་གྱིས་ རང་ལུས་མེར་སྲེག་གི་གསར་འགྱུར་དེ་ཚོ་ཧ་ཅང་གི་ཐབས་རྡུགས་ཤིག་རེད། འདི་ཚོ་བོད་ནང་ལོགས་སུ་སྡུག་བསྔལ་ཡོད་པའི་རྟགས་མཚན་རེད། ང་ཚོས་གསར་འགྱུར་དེ་ཚོ་ཁྱབ་བསྒྲགས་བྱས་པ་ཡིན། ཡིན་ནའང་ང་ཚོས་གཏན་ནས་དེ་ལ་སྐུལ་ལྕག་གཏོང་གི་མེད་ཅེས་དགག་པ་བརྒྱབ་ཡོད་པ་རེད།།

ཡང་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་ཁུངས་ལྡན་དང་ར་སྤྲོད་བདེན་དཔང་གང་ཡང་མེད་པར་ཨ་རིའི་རླུང་འཕྲིན་ཁང་གིས་༧རྒྱལ་བ་རིན་པོ་ཆེའི་གསང་བའི་བརྡ་ལན་བོད་ལ་ཁྱབ་སྤེལ་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱས་པ་མ་ཟད་ ཨ་རིའི་རླུང་འཕྲིན་ཁང་གིས་གསང་བརྡ་བཏང་གི་ཡོད་པའི་ཉེས་འཛུགས་བྱས་པ་དེར་ཨ་རིའི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཌེ་ཝི་ཌེ་ཨན་སོར་གྱིས་གསར་འགྱུར་དེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྤེལ་པའི་གནས་ཚུལ་རྦད་དེ་ཁྱད་མཚར་ཞིག་ཡིན་པ་དང་། དྲང་པོར་བཤད་ན་ང་ཚོས་གསང་བརྡ་བཏང་བ་རེད་ཟེར་པའི་གསར་འགྱུར་དེ་གཏན་ནས་ཁུངས་ལུང་མེད་པ་ཞིག་རེད་ཅེས་གསུངས་ཡོད།

རྩ་བའི་བོད་ནང་ལོགས་སུ་བོད་མི་ཚོས་ཞི་བའི་ངོ་རྒོལ་གང་འདྲ་ཞིག་བྱས་ཀྱང་རྒྱ་ནག་གཞུང་གིས་རྟག་ཏུ་ཕྱི་ལོགས་ཀྱི་བོད་མི་ཚོ་དང་༧རྒྱལ་བ་རིན་པོ་ཆེས་ངན་སྐུལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱ་རྒྱུ་གོམས་སྲོལ་ལྟ་བུ་ཞིག་ཆགས་ཡོད་ཅིང་། དཔེར་ན་ཕྱི་ལོ་༢༠༠༨་ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་བྱུང་བའི་སྐབས་ཀྱང་ཕྱི་ལོགས་ཀྱི་བོད་མི་ཚོས་ངན་སྐུལ་བྱས་པ་རེད་ཅེས་དྲིལ་བསྒྲགས་དང་སྐྱོན་བརྗོད་བྱས་ཡོད། ཨང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་བློ་བཟང་རྒྱ་མཚོ་ལགས་ཀྱིས་ ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ཨ་རིའི་གཞུང་གིས་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་གཟུར་གནས་ཀྱི་གསར་འགྱུར་རྒྱུད་ལམ་ཞིག་ཡིན་པས་སྐུ་སྒེར་ཡིག་ཚང་དང་། ཡང་ན་བཙན་བྱོལ་བོད་གཞུང་ལ་སོགས་པའི་ཕྱིའི་ལས་ཁུང་དང་ཚོགས་ཁག་སུ་འདྲ་ཞིག་གི་ཀྱང་ང་ཚོར་ཤུགས་རྐྱེན་གཏོང་ཐུབ་གི་མེད། དོན་དངོས་སུ་ང་ཚོའི་གསར་འགྱུར་ལས་རིམ་ཁག་ལ་རྒྱུན་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བཤད་པའི་སྐད་ཆ་སོགས་རྒྱ་ནག་གཞུང་གི་ལྟ་ཚུལ་རྒྱུན་དུ་འདུས་ཡོད་ཅེས་ནན་བརྗོད་གནང་ཡོད།

ད་ལྟ་བོད་མི་བརྒྱ་ལ་མ་ཟིན་ཙམ་ཞིག་གིས་རང་ལུས་མེར་སྲེག་བཏང་ཚར་ཡོད་པ་དང་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་བོད་ཀྱི་ས་ཁུལ་གང་སར་རང་ལུས་མེར་སྲེག་བཏང་རྗེས་གསོན་པོར་འཚོ་གནས་ཡིན་པ་ཚོ་དང་མི་དེ་དག་གི་ཕ་མ་སྤུན་མཆེད་སོགས་ནང་མི་རྣམས་ལ་བཅར་འདྲི་བྱས་པའི་བརྙན་འཕྲིན་ལས་རིམ་ཞིག་ཁྱབ་བསྒྲགས་བྱས་ཀྱང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བོད་ཀྱི་ས་ཁུལ་གང་རུང་ལ་བསྐྱོད་པའི་ཆོག་མཆན་སྤྲོད་ཀྱི་མེད་པ་དང་། ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་དང་རྒྱ་ནག་ཉིན་རེའི་ཚགས་པར་སོགས་ཀྱིས་ཕྱོགས་ལྷུང་ཅན་གྱི་གནས་ཚུལ་ཞིག་སྤེལ་པ་ཕྱིར་འཐེན་བྱ་དགོས་ཞེས་དགོས་མདུན་བཏོན་ཡོད་པ་རེད།།

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༡ཚེས་༢༡i
X
21.11.2014
ཧོང་ཀོང་། ལྡི་ལིར་ཆིབས་སྒྱུར། ཧེ་ལི་ཧྥེ་སི་ལྷན་ཚོགས། བློ་བཟང་དཔལ་ལྡན་ལགས་གློད་གྲོལ། ཞིས་ཅིན་ཕིང་ལ་ངོ་རྒོལ། ཐེ་ལན་གྱི་དངོས་རིས་ཕྱིར་ལོག སྲིད་འཛིན་ཨོ་བྷ་མའི་བཀའ་རྒྱ། བྱང་ཀོ་རི་ཡ། ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གྲོས་མོལ། ཀའོ་ཡུ་ལ་ཁྲིམས་བཤེར། རྒྱ་ནག་གི་ལན་འདེབས། པེ་ཅིང་གི་དུ་སྨུག

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།