ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཝིཏ་ནམ་གྱིས་རང་གི་ཉ་བར་སྲུང་སྐྱོབ་བྱ་འཆར།


ཕྱི་ལོ་༢༠༡༣་ཀྱི་ཟླ་བ་དང་པོའི་ཚེས་༢༥་ནས་བཟུང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཉ་དང་འབུ་སྲིན་འཛིན་དུ་འགྲོ་བའམ། ཡང་ན་རྡོ་སྣུམ་དང་རང་བྱུང་སོལ་རླངས་འཚོལ་བྱེད་དུ་འགྲོ་བའི་ཝིཏ་ནམ་གྱི་གྲུ་གཟིངས་དེ་ཚོར་རྒྱལ་ཁབ་དེའི་མཚོ་ཁ་སྐོར་གཡེང་པ་དང་མཚོ་དམག མཐའ་མཚམས་སྲུང་དམག་བཅས་ཀྱིས་སྲུང་སྐྱོབ་བྱ་རྒྱུ་དང་། པེ་ཅིང་གི་དབང་འཛིན་པ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་རྒྱུ་ཤུགས་རུ་བཏང་ཡོད་པས། རྒྱ་ནག་དང་ཝིཏ་ནམ། ཧྥི་ལི་ཕིན་དང་རྦུ་རུ་ཎེ། ཐེ་ཝན་དང་མ་ལེ་ཞི་ཡ་སོགས་ཀྱི་འབྲེལ་བ་ཇེ་སྡུག་དང་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཇེ་ཆེར་སོང་ཞིང་། ཁ་སྔོན་ཕྱི་ཟླ་༡༡་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་ཧེ་ནན་ཞིང་ཆེན་ལ་བཀའ་བཏང་སྟེ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སིམ་འཛུལ་བྱས་པའི་ཕྱི་རྒྱལ་གྱི་ཉ་བའི་གྲུ་གཟིངས་སོགས་ལ་ཉེན་རྟོག་པས་སྔོག་བཤེར་བྱ་ཆོག་ཅེས་དབང་ཚད་སྤྲད་དང་། དེར་བརྟེན་ཉི་མ་དེ་ག་རང་ལ་ཝིཏ་ནམ་གྱིས་ཀྱང་རང་གི་ཉ་བ་ཚོར་མཚོ་དམག་གིས་སྲུང་སྐྱོབ་བྱེད་དགོས་ཞེས་བཀའ་རྒྱ་བཏང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG