ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་གླེང་སློང་།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཕྱི་སྲིད་འགན་འཛིན་དབྱང་ཇེ་ཁྲི། གཞན་ཡང་དེ་མིན་གྱི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོང་གིས་རྒྱ་ནག་གཞུང་གིས་བོད་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛིན་པའི་སྲིད་ཇུས་དང་། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་བཅས་ལ་གྲོས་མོལ་བྱས་ཏེ། ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རིས་ང་ཚོས་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་ཞིག་ཡོད་པ་དེར་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་དང་ཞིན་ཅང་གཉིས་ལ་མི་རིགས་སོ་སོའི་ཁྱད་ཆོས་མ་འདྲ་བ་རེ་ཡོད་པ་ངེས་པར་དུ་གཅེས་འཛིན་བྱེད་དགོས། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མོལ་བྱས་ནས་བོད་དོན་ཐག་གཅོད་བྱེད་དགོས་པའི་ནན་སྐུལ་བྱས་འདུག་ཅེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བཤད་བརྒྱབ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG