ཨ་རི།

ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་བསྐྱར་ཞིབ།

ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་བསྐྱར་ཞིབ།i
|| 0:00:00
X
07.11.2012
ཨ་རིའི་ནང་ལོ་དང་ཟླ་བ་བསྟུད་ནས་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཤིན་ཏུ་རྣོ་ངར་ཆེན་པོ་གནང་རྗེས་ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་མི་མང་ཚོས་སྲིད་འཛིན་འོས་འདེམས་བྱས་པའི་ནང་སྲིད་འཛིན་བྷ་རག་ ཨོ་བྷ་མ་སླར་ཡང་སྲིད་འཛིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད། ད་ལམ་གྱི་སྲིད་འཛིན་འོས་བསྡུ་དེ་བར་ལམ་གྱི་ཨ་རིའི་སྲིད་འཛིན་འོས་བསྡུའི་ལོ་རྒྱུས་ནང་འགྲན་འགྲན་སྡུར་རྣོ་ངར་ཆེ་ཤོས་དང་རྒྱལ་ཁ་སུ་ལ་ཐོབ་མིན་བརྗོད་དཀའ་བའི་གནས་སྟངས་ལ་བརྟེན་འོས་མི་གཉིས་ཀྱིས་འོས་བསྡུའི་ཉིན་མོ་བར་དྲིལ་བསྒྲགས་ལས་འགུལ་གནང་ཡོད་པ་དང་། ཨ་རིའི་ནང་སྲིད་འཛིན་འོས་བསྡུ་གནང་བ་དང་ཆབས་ཅིག་གྲོས་ཚོགས་གོང་འོག་གི་འཐུས་མིའི་འོས་འདེམས་ཀྱང་དུས་གཅིག་ལ་གནང་གི་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་ཨ་རིའི་མང་གཙོ་ཐེབས་རྩ་ཁང་གི་བསྟན་འཛིན་དཔལ་སྐྱིད་ལགས་གཉིས་གདན་འདྲེན་ཞུས་ནས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དང་དེ་བཞིན་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་བཅས་ལ་བསྐྱར་ཞིབ་ཀྱི་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༨ ཚེས་༢༢i
X
22.08.2014
༢༠༠༨ ལོར་བོད་པར་མེ་མདའ་བརྒྱབ་པའི་དཔང་རྟགས། འདན་མར་གདུང་སེམས་མཉམ་སྐྱེད། འཇར་མི་ཎིར་ཆིབས་སྒྱུུར། ཧྥར་གྷ་སཎ་ཟིང་འཁྲུག་མཚམས་འཇོག ཨ་རིའི་གསར་འགོད་པ་དམར་གསོད། རྒྱ་གར་བྱང་ཤར་གྱི་དྲག་ཟིང་། ཉི་ཧོང་ལ་ས་རུད། ཨུ་རུ་སུའི་སྐྱོབ་གསོ།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།