ཨ་རི།

པ་ཀི་སི་ཐན་གྱི་དྲག་སྤྱོད་པའི་འགོ་ཁྲིད་ཅིག་བསད་པ།

ཕྱི་ཟླ་དང་པོའི་ཚེས་༣་གྱི་ཐོ་རེངས་སུ་ཁ་ལོ་བ་མེད་པའི་ཨ་མི་རི་ཀའི་གནམ་གྲུ་ཞིག་གིས་མེ་ཤུགས་འཕུར་མདེལ་འཕངས་ཏེ་པ་ཀི་སི་ཐན་གྱི་ཝ་ཟི་རི་སི་ཐན་ལྷོ་བྱང་གཉིས་སུ་གཏོར་རྒོལ་དྲག་པོ་བྱས་པ་དང་། ད་ཐེངས་ཀྱི་རྒོལ་རྡུང་སྐབས་སུ་ལྷོ་ཝ་ཟི་རི་སི་ཐན་གྱི་གྲོང་གསེབ་ཅིག་ཏུ་པ་ཀི་སི་ཐན་གྱི་ཏ་ལི་བན་ཤོག་ཁག་གི་འགོ་ཁྲིད་གཙོ་གྲས་མཱུ་ལ་ཎ་ཟིར་བསད་པ་མ་ཟད། ས་གནས་དེར་སྐུང་ཡོད་པའི་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཐབ་མོ་བ་༡༤་ཡང་བསད་ཅིང་། པ་ཀི་སི་ཐན་གྱི་མཐའ་མཚམས་ཁག་གི་དམག་ཤེད་ཅན་ཚོས་ཨ་རབ་ཡུལ་གྲུ་ཁག་ནས་ཡོང་བའི་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཐབ་མོ་བ་ཚོར་སྲུང་སྐྱོབ་བྱས་ཏེ། ཁོ་ཚོ་ཨབ་གྷ་ཎི་སི་ཐན་ལ་སིམ་འཛུལ་བྱས་ནས་ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཞི་བདེ་སྲུང་དམག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་དང་། མཱུ་ལ་ཎ་ཟིར་གྱི་ཤོག་ཁག་དེ་ཨ་མི་རི་ཀའི་དམག་ལ་འཐབ་རྒོལ་བྱེད་མཁན་དང་ཨབ་གྷ་ཎི་སི་ཐན་ལ་ཟིང་འཁྲུག་སློང་མཁན། པ་ཀི་སི་ཐན་གྱི་ཧ་ཁ་ཎི་དྲག་སྤྱོད་ཤོག་ཁག་གི་མཐུན་གྲོགས་ཤིག་ཡིན་རུང་། ལོ་ལྔའི་གོང་དུ་མཱུ་ལ་ཎ་ཟིར་གྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ་ཝ་ཟི་རི་སི་ཐན་གྱི་ས་ཐོག་ཏུ་པ་ཀི་སི་ཐན་གྱི་གཞུང་དམག་ལ་གཏོར་རྒོལ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་པ་དང་། དེར་བརྟེན་ཝ་ཟི་རི་སི་ཐན་གྱི་སྡེ་དཔོན་ཁག་ཅིག་ལ་ཕོག་ཐུག་སོང་སྟེ་ཁ་སྔོན་ཕྱི་ཟླ་༡༡་ནང་རང་སྲོག་བློས་གཏོང་བ་ཞིག་གིས་འབར་མདེལ་བརྒྱབ་ནས་མཱུ་ལ་ཎ་ཟིར་ལ་རྨས་སྐྱོན་ཕོག ཝ་ཟི་རི་སི་ཐན་གྱི་སྡེ་དཔོན་ཕལ་ཆེ་བས་རང་གི་ས་གནས་ཁག་ལ་པ་ཀི་སི་ཐན་གྱི་གཞུང་དམག་གི་ཤུགས་རྐྱེན་ཐེབས་རྒྱུ་དེར་འགོག་རྒོལ་བྱེད་ཀྱི་ཡོད་པ་རེད།།
པ་ཀི་སི་ཐན་གྱི་དྲག་སྤྱོད་པའི་འགོ་ཁྲིད་ཅིག་བསད་པ།
པ་ཀི་སི་ཐན་གྱི་དྲག་སྤྱོད་པའི་འགོ་ཁྲིད་ཅིག་བསད་པ།i
|| 0:00:00
...    
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༧ ཚེས་༣༡i
X
2015.07.31
རུང་རྒྱས་ཨ་གྲགས་གློད་གྲོལ། ལ་དྭགས་སུ་དབྱར་ཆོས་ཆེན་མོ་དབུ་འབྱེད་དང་འབྲེལ་ཆིབས་སྒྱུར། ཏུར་ཀི་དང་རྒྱ་ནག འདམ་སེང་བསད་པར་ངོ་རྒོལ། པེ་ཅིང་ལ་༢༠༢༢་ལོའི་ཨོ་ལིམ་ཕིཀ་མགྲོན་བདག་ཐོབ་པ། གནམ་གྲུའི་ཆག་གྲུམ་ལ་ཞིབ་འཇུག གོ་པའོ་ཤུང་གནས་དབྱུང་། བོད་དོན་སྲིད་བྱུས་ཀྱི་ཚོགས་འདུ། ལྒང་ཕུག་དང་བོད་ཀྱི་རྒྱལ་དར།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།