ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་མི་རི་ཀ་དང་ཨབ་གྷ་ཎི་སི་ཐན་གྱི་འོས་འདེམས།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཆེ་ཁེ་རིས་ཨབ་གྷ་ཎི་སི་ཐན་གྱི་ས་གནས་ཁག་ཅིག་ལ་མི་མང་གིས་ངོ་རྒོལ་བྱས་ཏེ། ཁོ་ཚོས་ཟླ་བ་སྔོན་མའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་མི་བྱེད་པར་ལོགས་སུ་སྲིད་གཞུང་འཛུགས་རྒྱུ་ཡིན་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་ཡིན། ཨབ་གྷ་ཎི་སི་ཐན་གྱི་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་འཛིན་འོས་འདེམས་སྐོར་ཐེངས་གཉིས་པ་དྲང་སྙོམས་ཤིག་བྱུང་མེད་པའི་རྩོད་གླེང་འབྱུང་གི་ཡོད་པར་ཞིབ་འཇུག་གསལ་བོ་ཞིག་བྱ་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད། གལ་སྲིད་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་ཨབ་གྷ་ཎི་སི་ཐན་གྱི་སྲིད་དབང་བཙན་འཕྲོག་བྱེད་པ་འདྲ་བྱུང་ཚེ། ཨ་མི་རི་ཀ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨབ་གྷ་ཎི་སི་ཐན་ལ་དཔལ་འབྱོར་རོགས་རམ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG