འཛམ་གླིང་།

པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་པའི་གྲོས་ཆོད།

x
ཕྱི་ཟླ་ཚེས་༡༡་ཚེས་༢༩་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་ཚོགས་པ་དང་། པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་མིན་གྲོས་ཆོད་བཞག་སྟེ་རྒྱལ་ཁབ་༡༩༣་ཀྱིས་པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་པའི་གྲོས་ཆོད་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་རུང་། ཨ་མི་རི་ཀ་དང་ཨི་སི་རལ་ཚུད་པའི་རྒྱལ་ཁབ་དགུས་གྲོས་ཆོད་དེར་ངོ་རྒོལ་གྱི་འོས་ཤོག་འཕངས་པ་དང་། རྒྱལ་ཁབ་༤༡་གིས་པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་མིན་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་དང་ངོ་རྒོལ་སོགས་ཀྱི་འོས་ཤོག་གང་ཡང་མ་འཕངས་པར་ཟུར་གནས་བྱས་འདུག་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསུམ་ཆའི་གཉིས་ཀྱིས་པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་པའི་རྒྱབ་སྐྱོར་བྱས་ཡོད་པས། པ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་པའི་དམིགས་ཡུལ་དེ་ཉིད་མངོན་དུ་འགྱུར་བར་མདུན་སྐྱོད་ཆེན་པོ་ཞིག་ཡིན་རུང་། ད་དུང་ཡང་པ་ལི་སི་ཐན་ལ་རང་གི་ས་མཚམས་དང་མཁའ་དབྱིངས་མངའ་ཁོངས། མཚོ་ཁ་སོགས་ལ་དབང་སྒྱུར་བྱེད་ཆོག་པའི་དབང་ཚད་མེད་པ་དང་། ཁོ་ཚོས་རྒྱལ་ཁབ་གཞན་ལ་ཆིངས་ཡིག་འཇོགས་པ་དང་ཚོང་ལས་གཉེར་པ་སོགས་ལའང་འགོག་རྐྱེན་ཆེན་པོ་ཡོད་པ་སྟེ། ནུབ་མཚོ་རྒྱུད་ཀྱི་པ་ལི་སི་ཐན་རང་སྐྱོང་ས་གནས་སྲིད་འཛིན་ཨ་བྷ་སི་དང་ཧྥ་ཐ་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཡོད་པ་དང་། གྷ་ཟ་ས་གནས་ཧྲིལ་བོ་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་དབང་སྒྱུར་འོག་ཏུ་ཡོད་པས། པ་ལི་སི་ཐན་ལ་གཅིག་གྱུར་བདེ་སྲུང་ཉེན་རྟོག་པ་དང་རྒྱལ་སྲུག་དམག་དཔུང་མེད་པ། པ་ལི་སི་ཐན་གྱི་ས་མཚམས་དང་མཁའ་དབྱིངས་མངའ་ཁོངས། ཚོང་ལས་བཅས་པ་ཨི་སི་རལ་གྱིས་སྟངས་འཛིན་ནན་པོ་བྱས་ཡོད་པ་རེད།
པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་པའི་གྲོས་ཆོད།
པ་ལི་སི་ཐན་ལ་རྒྱལ་ཁབ་ཅིག་གི་གནས་བབ་སྤྲོད་དགོས་པའི་གྲོས་ཆོད།i
|| 0:00:00
...
 
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༠ཚེས་༢༤i
X
24.10.2014
ཁེ་ན་ཊའི་མཛད་འཕྲིན། བཙན་བྱོལ་བོད་མིར་མཐུན་སྦྱོར་སྲིད་བྱུས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ། ཨེ་བྷོ་ལཱའི་ནད་པ་དྲག་སྐྱེད།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།