ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གཞུང་གིས་སྲིད་འཛིན་ཕུ་ཀྲིན་གྱི་ནང་འཁོར་ལས་སྣེ་ཚོར་ཉེས་ཆད་བཅད་པ།


ཨ་རིིའི་སྲིད་འཛིན་གྱིས་གཟའ་ཕུར་བུའི་ཉིན་ར་ཤི་ཡར་དཔལ་འབྱོར་ཉེས་ཆད་སྣོན་མ་བཀལ་ཡོད་ཅིང་། འདི་དང་དུས་མཚུངས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་ལ་དཔལ་འབྱོར་རོགས་རོགས་འཕྲལ་དུ་བྱ་དགོས་ཞེས་སྲིད་འཛིན་ཨོ་བྷ་མས་སྐུལ་མ་གནང་འདུག ད་རེས་ཨ་རིས་བཀལ་པའི་དཔལ་འབྱོར་ཉེས་ཆད་སྣོན་མ་དེའི་ཁོངས་སུ་ར་ཤི་ཡའི་དངུལ་ཁང་ཞིག་དང་འབྱོར་ལྡན་པ་སྒེར་པ་ཁག་གཅིག་ཚུད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG