ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨོ་བྷ་མས་ཨུ་རུ་སུ་ལ་ཡུཀ་རེན་གྱི་ཟིང་འཁྲུག་ཞི་འཇགས་གཏོང་དགོས་པའི་ནན་བརྗོད།


ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ཏུ་མཚོན་ཆ་ཐོགས་པའི་ཡུལ་དམག་གིས་ས་གནས་སྲིད་གཞུང་དང་ཉེན་རྟོག་ལས་ཁང་ཁག་བཙན་བཟུང་བྱས་ཡོད་ཅིང་། ཁོ་ཚོས་ཡུཀ་རེན་གྱི་རྒྱལ་དར་ཕབ་ནས་ཨུ་རུ་སུའི་རྒྱལ་དར་བཙུགས་ཏེ། ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ལའང་མང་མོས་འོས་འདེམས་བྱས་ནས་ཨུ་རུ་སུའི་ཁོངས་སུ་ཟླ་བསྒྲིལ་བྱ་དགོས་མིན་འོས་ཤོག་འཕེན་དུ་འཇུག་དགོས་ཞེས་དྲག་ཟིང་སློང་གི་ཡོད་པས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཡུཀ་རེན་ལ་ཡུཀ་རེན་གྱི་ཡུལ་དམག་ཁ་བྲལ་རིང་ལུགས་པ་ཚོར་གནོན་ཤུགས་སྤྲོད་དགོས། ཁོ་ཚོས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་གི་སྲིད་གཞུང་དང་ཉེན་རྟོག་ལས་ཁང་ཁག་བཙན་བཟུང་བྱེད་ཡོད་པ་མཚམས་འཇོགས་མ་བྱེད་དུ་མ་བཅུག་ཚེ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ལ་སྔར་ལས་ལྷག་པའི་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་མང་ཙམ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་རེད།།
XS
SM
MD
LG