ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡུཀ་རེན་གྱི་ཛ་དྲག་དང་ནུབ་ཆིངས་ཀྱིས་ཨུ་རུ་སུ་ལ་གནོན་ཤུགས།


ཉེ་ཆར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རི་མི་ཡ་རང་སྐྱོང་ས་ཁུལ་བཙན་འཕྲོག་བྱས་པ་དང་། ད་དུང་ཨུ་རུ་སའི་དམག་ཁྲི་ཚོ་༥་ལྷག་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་མཚམས་ཁག་ལ་འགྲེམ་འཇོག་བྱས་ཏེ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་གནས་ཁག་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་ཀྱང་། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་མཁའ་དབྱིངས་སུ་དམག་སྦྱོང་བྱེད་རྒྱུ་འགོ་བཙུགས་ཡོད་ཅིང་། ནུབ་ཆིངས་ཀྱི་གནམ་དམག་གིས་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་ཕྱིར་འཐེན་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མ་ཟད། དེ་རིང་གཟའ་མིག་དམར་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱང་ཡུཀ་རེན་གྱི་གནད་དོན་ལ་ཆེད་དུ་ཚོགས་འདུ་འཚོགས་ཏེ། རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེས་ཡུཀ་རེན་ལ་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་ཡོད་ཅེས་ཁས་ལེན་དམ་བཅའ་བསྐྱར་ཟློས་བྱེད་ཀྱི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG