བོད།

དེ་རིང་གཟའ་ཟླ་བའི་ཉིན་བོད་པ་གཉིས་ཀྱིས་རང་སྲེག་ངོ་རྒོལ།

དཀོན་མཆོག་ཚེ་རིང་།
དཀོན་མཆོག་ཚེ་རིང་།
དེ་རིང་ཕྱི་ཟླ་༡༡་ཚེས་༢༦་ཉིན་བོད་ནང་ལོགས་སུ་བསྐྱར་དུ་བོད་པ་ན་གཞོན་གཉིས་ཀྱིས་ས་གནས་མི་འདྲ་བ་གཉིས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་ཅིང་། དེ་ཡང་རང་སྲེག་ངོ་རྒོལ་བྱུང་ས་གཅིག་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྗོང་ཐོག་ཏུ་རང་ལོ་༢༠་ལ་སོན་པའི་དབང་རྒྱལ་ཞེས་པ་ཞིག་གིས་བོད་ནང་གི་ཉིན་གུང་ཆུ་ཚོད་༡༢་ཡས་མས་སུ་གསེར་རྟའི་མདུན་ཐང་དུ་རང་ལུས་མེར་སྲེག་བཏང་འདུག་པ་མ་ཟད། ཁོང་གིས་རང་ཉིད་མེར་སྲེག་བཏང་མ་ཐག་ཏུ་རྒྱ་གཞུང་གི་ཉེན་རྡོག་པས་བཙན་འཁྱེར་བྱས་འདུག་པས་ད་ལྟ་ཁོང་གི་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཡང་དེ་རིང་ཕྱི་དྲོར་བོད་ཀྱི་མོད་སྨད་ས་ཁུལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་ཨ་མཆོག་གི་ན་གཞོན་རང་ལོ་༡༨་ལ་སོན་པ་དཀོན་མཆོག་ཚེ་རིང་ཞེས་པ་ཞིག་གིས་ཀྱང་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་སྒོ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒལ་བྱས་ཏེ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་འདུག
དེ་རིང་གཟའ་ཟླ་བའི་ཉིན་བོད་པ་གཉིས་ཀྱིས་རང་སྲེག་ངོ་རྒོལ།
དེ་རིང་གཟའ་ཟླ་བའི་ཉིན་བོད་པ་གཉིས་ཀྱིས་རང་སྲེག་ངོ་རྒོལ།i
|| 0:00:00
...    
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༡ ཚེས་༢༠i
X
20.11.2014
ཆབ་སྲིད་བཙོན་པར་དགའ་བསུ་དང་རྒྱབ་སྐྱོར། ཨ་རིའི་བྱང་ཕྱོཊ་སུ་གངས་མཐུག་པོ་བབས་པ། རྒྱལ་ཚོགས་སུ་ཁྲིམས་གཏུགས་གྲོས་འཆར། དམག་གི་ཡོ་ཆས་སྤྲོད་དགོས་པའི་བསམ་ཚུལ། དཔལ་ས་སྐྱའི་ཆོས་སྒར་གྱི་མཛད་སྒོ།
བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༡ ཚེས་༢༠

ཆབ་སྲིད་བཙོན་པར་དགའ་བསུ་དང་རྒྱབ་སྐྱོར། ཨ་རིའི་བྱང་ཕྱོཊ་སུ་གངས་མཐུག་པོ་བབས་པ། རྒྱལ་ཚོགས་སུ་ཁྲིམས་གཏུགས་གྲོས་འཆར། དམག་གི་ཡོ་ཆས་སྤྲོད་དགོས་པའི་བསམ་ཚུལ། དཔལ་ས་སྐྱའི་ཆོས་སྒར་གྱི་མཛད་སྒོ།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༡ཚེས་༡༩

ཨ་རི་དང་ར་ཤི་ཡའི་རྣམ་འགྱུར། ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ། ཨ་རིས་ཁ་ཆེ་དྲག་འཐབ་པར་གཏོར་རྒོལ། ནོ་བྷེལ་ལྷན་ཚོགས་ཐེངས་༡༤་པ་རཱོམ་དུ་འཚོག་གཏན་འཁེལ་བ། ནོ་བྷེལ་ལྷན་ཚོགས་ཐེངས་༡༤་པ་རཱོམ་དུ་འཚོག་གཏན་འཁེལ་བ། ནོ་བྷེལ་ལྷན་ཚོགས་ཐེངས་༡༤་པ་རཱོམ་དུ་འཚོག་གཏན་འཁེལ་བ། རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་དུས་དྲན། དཀྱིལ་ཤར་མངའ་ཁུལ་དུ་དྲག་ཟིང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། བོད། འཕྲོ་ཅན་ལོ་རྒྱུས།

འཕྲོ་ཅན་ལོ་རྒྱུས་ཞེས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་པ་དང་། དཔེ་དེབ་དེ་དུས་རབས་༢༠་བའི་ལོ་རབས་༤༠་བ་དང་༥༠་ནང་ལ་རྒྱ་གར་དང་ཨ་རི། དབྱིན་ཇི་དང་རྒྱ་ནག་བཅས་ཀྱི་ཉོག་འཛིང་ཆེ་བའི་འབྲེལ་བའི་དཀྱིལ་དུ་བོད་ཀྱི་ཆབ་སྲིད་འཕེལ་རིམ་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་གསར་པ་ཞིག་ཡིན་པས། ང་ཚོའི་སྤྱི་ཁྱབ་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྩོམ་པ་པོར་བཅར་འདྲི་ཞུས་པ་དེ་གཟིགས་རོགས་གནང་།
བརྙན་འཕྲིན།

བརྙན་འཕྲིན། ཁྱིམ་ཚང་གཅིག་གི་མི་ཐོག་གསུམ་བཙོན་འཇུག

རྔ་པ་རྨེའུ་རུ་མའི་ཁྱིམ་ཚང་གཅིག་གི་མི་ཐོག་གསུམ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་དཀའ་སྡུག་མྱོང་བ་བགྲོ་གླེང་བྱ་རྒྱུ་ཡིན།

འབྲེལ་མཐུད་བརྒྱུད་ལམ།