བོད།

རེབ་གོང་མདོ་བའི་ན་གཞོན་གཉིས་ཀྱིས་རང་སྲེག་ངོ་རྒོལ།

པར་གཞིའི་ཚད། - +
ལོ་༢༤་ལ་སོན་པ་སྙིང་དཀར་བཀྲ་ཤིས།
ལོ་༢༤་ལ་སོན་པ་སྙིང་དཀར་བཀྲ་ཤིས།
དེ་རིང་ཕྱི་ཟླ་༡༡་ཚེས་༡༢་ཉིན་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བའི་ན་གཞོན་རང་ལོ་༢༤་ལ་སོན་པ་སྙིང་དཀར་བཀྲ་ཤིས་དང་། ཡང་མདོ་བ་ཞང་གི་རང་ལོ་༢༠་ཐམ་པར་སོན་པའི་ན་གཞོན་སྙིང་ལྕགས་འབུམ་ཞེས་པ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་པ་དང་པཎ་ཆེན་རིན་པོ་ཆེ་བཟང་བཙོན་འོག་ནས་གྲོལ་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱས་ཏེ། རང་ལ་༢༤་ལ་སོན་པ་སྙིང་དཀར་བཀྲ་ཤིས་ཀྱིས་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣་དང་སྐར་མ་༡༥་ཡས་མས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་པ་དང་། ཡང་དེའི་རྗེས་སུ་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤་ཡས་མས་སུ་རང་ལ་༢༠་སོན་པ་སྙིང་ལྕགས་འབུམ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་ཡོད་ཅིང་། མདོ་བའི་ན་གཞོན་གཉིས་ཀྱིས་རང་སྲེག་ངོ་རྒོལ་བྱས་པའི་སྐབས་དེར་བདུན་ཕྲག་སྔོན་མར་རང་སྲེག་ངོ་རྒོལ་བྱེད་མཁན་འདས་པོ་རྟ་མགྲིན་འཚོ་དང་སྐལ་བཟང་སྦྱིན་གཉིས་ཀྱི་ཁྱིམ་ལ་བོད་པ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་པས་དེ་རིང་གི་རང་སྲེག་ངོ་རྒོལ་བ་གཉིས་ཀྱི་སྔོན་མ་སྙིང་དཀར་བཀྲ་ཤིས་ཀྱི་ཕུང་པོ་རྒྱ་གཞུང་གི་ཉེན་རྟོག་པས་འཕྲོག་ཐུབ་མེད་པར་རང་ཁྱིམ་དུ་འཁྱེར་འདུག ད་དུང་རང་སྲེག་ངོ་རྒོལ་བ་གཞུག་མ་དེའི་གནས་ཚུལ་ཐོན་བཞིན་ཡིན་པས་ང་ཚོས་དུས་ཚོད་འགྲོ་རིམ་བཞིན་ཁ་སྣོན་བྱ་འཆར་ཡོད་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།