ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ་བཞིན་པ།


བོད་ཀྱི་མཐོ་སྒང་ས་ཁུལ་དེ་གངས་རི་དང་འཁྱག་རོམ་གྱི་འབྱུང་ཁུངས་ཤིག་ཡིན་པ་དང་། འཛམ་གླིང་གི་ཆུ་བོ་ཆེ་ཁག་ཁ་འབབ་རྣམ་བཞི་དང་རྨ་ཆུ་འབྲི་རྫ་གསུམ། གཞན་ཡང་དེ་མིན་གྱི་ཆུ་བོ་ཆེན་པོ་གྲངས་ལས་འདས་པ་ཞིག་བོད་ཀྱི་གངས་རི་དང་འཁྱག་རོམ་དེ་དག་ནས་མཆེད་དེ་རྒྱ་དཀར་ནག་དང་པ་ཀི་སི་ཐན། འབར་མ་དང་བྷང་ག་ལ་སོགས་ལ་རིམ་བཞིན་འབབ་ཀྱི་ཡོད་ཀྱང་། རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་ཉིན་རེའི་ཚགས་པར་ལ་ཞིབ་འཇུག་སྙན་ཐོ་ཞིག་བཀོད་ཡོད་པ་དེར་འཁོད་པ་ལྟར་ན། བོད་ཀྱི་མཐོ་སྒང་ས་ཁུལ་གྱི་གངས་རི་དང་འཁྱག་རོམ་དེ་རྣམས་སྔོན་ཆད་ལོ་ངོ་སྟོང་ཕྲག་གཉིས་ལ་བཞུས་མ་མྱོང་བ་ཞིག་འདས་པའི་མི་ལོ་༥༠་ཐམ་པའི་རིང་ལ་བཞུས་ཚར་ཡོད་ཅིང་། དུས་རབས་༢༡་པ་འདི་ལའང་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ནས་གནམ་གཤིས་ཇེ་དྲོར་སོང་སྟེ། རི་མཐོ་ས་གཙང་། བོད་ཀྱི་མཐོ་སྒང་ས་ཁུལ་གྱི་རླུང་དང་ཆུ་གཉིས་བསིལ་གྲང་ཡོད་པ་དེ་ཡང་རིམ་བཞིན་རླན་ཚད་ཅན་ལ་འགྱུར་རྒྱུ་ཡིན་པས། རི་མ་ལ་ཡའི་གངས་རི་དང་སྲིད་པའི་འཁྱག་རོམ་དེ་རྣམས་མྱུར་དུ་བཞུས་ཏེ། བོད་ཀྱི་མཐོ་སྒང་ས་ཁུལ་དེ་ཉིད་བྱེ་ཐང་ལ་འགྱུར་སྲིད་པའི་ཉེན་ཀ་ཆེན་པོ་འདུག་ཅེས་བཀོད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG