བོད།

བླ་བྲང་དུ་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ།

པར་གཞིའི་ཚད། - +
རེས་གཟའ་ཉི་མའི་ཉིན་བོད་ཀྱི་ས་ཁུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་རྒན་རྒྱ་ཡུལ་ཚོའི་རི་སྔོན་སྡེ་བ་ནས་ཡིན་པ་གནམ་ལྷ་ཚེ་རིང་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་འདས་གྲོངས་སོང་འདུག་པ་དང་།

ལོ་ན་༤༩ ལ་སོན་པ་གནམ་ལྷ་ཚེ་རིང་ལགས་ཀྱིས་ད་རིང་བོད་ཀྱི་དུས་ཚོད་ཕྱི་དྲོ་ཆུ་ཚོད་ལྔ་བ་དང་དྲུག་པའི་བར་བསང་ཆུ་རྫོང་ཁོངས་བླ་བྲང་གྲོང་ཁྱེར་གྱི་གློག་བརྙན་ཁང་ཆེན་མོའི་མདུན་ནས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་འདུག

སྐུ་བཤེགས་གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་དུས་ཚོད་ལོ་གསར་སྐབས་འཁེལ་བར་བརྟེན་སྲང་ལམ་དུ་བོད་མི་ཧ་ཅང་ཉུང་ཉུང་ལས་མེད་པས་ཁོང་གི་སྐུ་ཕུང་ལམ་གསེང་ཁྱེར་མཁན་བོད་མི་བྱུང་མེད་པར་བརྟེན་ཉེན་རྟོག་པ་ཡོང་ནས་ཁོང་གི་སྐུ་ཕུང་དང་འཕྲུལ་རྟ་སོགས་ཁྱེར་ཡོད་འདུག

ཁོང་ལ་ཤུལ་ལུས་ཕྲུ་གུ་བྱིས་པ་བཞི་ཡོད་པ་དང་ཕྲུ་གུ་བཞི་ནས་ཆེ་ཤོས་དེ་གྲ་པ་ཡིན་འདུག ཁོང་ནི་བོད་ཀྱི་ལོ་གསར་གྱི་དུས་ཡུན་ལ་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གསུམ་པ་དེ་ཡིན་པ་རེད།
བླ་བྲང་དུ་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ།
Loading
12:00:00 / -:--:--

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། དགེ་བཤེས་བློ་བཟང་བཀྲིས།

དགེ་བཤེས་བློ་བཟང་བཀྲིས་ལགས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེར་འཁྲུངས་ཡོད་པ་ དང། ལོ་ན་ཆུང་དུས་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་ གནང་ཡོད་པ་རེད། རིམ་བཞིན་སྒོ་མང་གྲྭ་ཚང་གི་དབུ་མཛད་ལ་བསྐོ་བཞག་བྱུང་ཏེ་གྲྭ་ཚང་ གི་དབུ་མཛད་ལོ་ངོ་བདུན་གནང་འདུག། 2003 ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ མཆོག་ཁོང་དཔལ་ལྡན་འབྲས་སྤུངས་དགོན་པའི་ཚོགས་ཆེན་དབུ་མཛད་ལ་བསྐོ་བཞག་ མཛད་ཡོད་པ་དང་དུས་མཚུངས་ཁོང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུ་མཛད་ཡང་ གནང་མུས་རེད།

འབྲེལ་མཐུད་བརྒྱུད་ལམ།