བོད།

རྒྱ་གར་བྱང་ཕྱོགས་སུ་ཕེབས་མཁན་བོད་མིའི་སྤྱི་འཐུས་ཚོའི་ལས་འགུལ།

པར་གཞིའི་ཚད། - +
ཉེ་ལམ་ཕྱི་ཟླ་༡༢་པའི་ཚེས་༣༡་ནས་འགོ་བཙུགས་ཏེ་བོད་མི་མང་སྤྱི་ འཐུས་རྣམ་པ་ཚོ་ཁག་སོ་སོར་བརྒོས་་ནས་རྒྱ་གར་གྱི་དཔོན་རིགས་ཁག་དང་ མཇལ་འཕྲད་དང་འབྲེལ་ས་གནས་ཀྱི་མང་ཚོགས་ལ་བོད་ཀྱི་གནས་སྟངས་ གསལ་བཤད་རྒྱ་ཆེ་གནང་གི་ཡོད་པའི་སྐོར། འདི་གའི་ལས་བྱེད་པ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཕེབས་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱི་གཙོས་པའི་སྤྱི་འཐུས་ཁག་ཅིག་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
རྒྱ་གར་བྱང་ཕྱོགས་སུ་ཕེབས་མཁན་བོད་མིའི་སྤྱི་འཐུས་ཚོའི་ལས་འགུལ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། དགེ་བཤེས་བློ་བཟང་བཀྲིས།

དགེ་བཤེས་བློ་བཟང་བཀྲིས་ལགས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེར་འཁྲུངས་ཡོད་པ་ དང། ལོ་ན་ཆུང་དུས་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་ གནང་ཡོད་པ་རེད། རིམ་བཞིན་སྒོ་མང་གྲྭ་ཚང་གི་དབུ་མཛད་ལ་བསྐོ་བཞག་བྱུང་ཏེ་གྲྭ་ཚང་ གི་དབུ་མཛད་ལོ་ངོ་བདུན་གནང་འདུག། 2003 ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ མཆོག་ཁོང་དཔལ་ལྡན་འབྲས་སྤུངས་དགོན་པའི་ཚོགས་ཆེན་དབུ་མཛད་ལ་བསྐོ་བཞག་ མཛད་ཡོད་པ་དང་དུས་མཚུངས་ཁོང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུ་མཛད་ཡང་ གནང་མུས་རེད།

འབྲེལ་མཐུད་བརྒྱུད་ལམ།