བོད།

མདོ་སྨད་རེབ་གོང་དུ་ཞི་རྒོལ་དང་དམ་དྲག

མདོ་སྨད་རེབ་གོང་དུ་ཞི་རྒོལ་དང་དམ་དྲགi
|| 0:00:00
...    
🔇
X
23.11.2012
ཐེངས་འདིའི་ལས་རིམ་ནང་མདོ་སྨད་རེབ་གོང་ས་ཁུལ་དུ་ཉེ་ཆར་རང་ལུས་མེར་སྲེག་དང་སློབ་ཕྲུག་གི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ངོ་རྒོལ་གནས་ཚུལ་མང་དུ་བྱུང་བའི་རྒྱུ་རྐྱེན་དང་། རྒྱ་ནག་གཞུང་གིས་དེ་ལ་གདོང་ལེན་བྱེད་སྟངས་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་ཕ་ཡུལ་ཨ་མདོ་རེབ་གོང་ནས་ཡིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་རྒྱལ་ལགས་དང་དེ་བཞིན་དུ་བཞུགས་སྒར་དྷ་རམ་ས་ལ་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག་ལགས་གདན་འདྲེན་ཞུས་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཨ་མཆོག་ཏུ་རང་ལུས་མེར་སྲེག་ངོ་རྒོལ་བྱུང་རྐྱེན།i
X
19.12.2014
ཀུན་གླེང་ལས་རིམ་དུ་མདོ་སྨད་ཨ་མཆོག་ཏུ་བྱུང་བའི་རང་ལུས་མེར་སྲེག་ངོ་རྒོལ་ཐེངས་བདུན་དང་དེ་དག་གི་འབྱུང་རྐྱེན་ཐད་ཕ་ཡུལ་ཨ་མཆོག་ནས་ཡིན་པ་ཆང་ག་འཇིགས་མེད་ལགས་དང་བགྲོ་གླེང་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། ཨ་མཆོག་ཏུ་རང་ལུས་མེར་སྲེག་ངོ་རྒོལ་བྱུང་རྐྱེན།

ཀུན་གླེང་ལས་རིམ་དུ་མདོ་སྨད་ཨ་མཆོག་ཏུ་བྱུང་བའི་རང་ལུས་མེར་སྲེག་ངོ་རྒོལ་ཐེངས་བདུན་དང་དེ་དག་གི་འབྱུང་རྐྱེན་ཐད་ཕ་ཡུལ་ཨ་མཆོག་ནས་ཡིན་པ་ཆང་ག་འཇིགས་མེད་ལགས་དང་བགྲོ་གླེང་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། སོག་པོའི་ཧ་ཐར་གློད་གྲོལ་དང་ཨ་མཆོག་ཏུ་རང་ལུས་མེར་སྲེག་ངོ་རྒོལ།

ཀུན་གླེང་ལས་རིམ་དུ་མདོ་སྨད་ཨ་མཆོག་ཏུ་བྱུང་བའི་རང་ལུས་མེར་སྲེག་ངོ་རྒོལ་ཐེངས་བདུན་དང་དེ་དག་གི་འབྱུང་རྐྱེན། སོག་པོའི་མི་རིགས་ཐོབ་ཐང་བརྩོན་ལེན་པ་ཧ་ཐར་ལགས་ལོ་༡༩་ལ་བཙོན་འཇུག་བྱས་ཏེ་གློད་གྲོལ་ཐོབ་པ་ལས་སོག་པོའི་མི་རིགས་ཀྱི་འཐབ་རྩོད་བཅས་བརྗོད་བྱ་གཉིས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༢ ཚེས་༡༩

བོད་རྒྱའི་གྲོས་མོལ་གྱི་འགལ་རྐྱེན། མཆོད་འབུལ་སྨོན་ལམ། ཨ་རི་དང་ཀུ་པ། ཨུ་རུ་སུའི་དངུལ་ལོར་གྱི་ཛ་ཐང་། དྲྭ་འབྲེལ་གྱི་འཇིགས་སྐུལ། ཨབ་གྷ་ཎི་སི་ཏཱན། རྒྱ་གར་གྱི་གྲོས་ཚོཊ་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཊ་པ་སླར་གསོ། སྤྱི་འཐུས་ཀྱི་ཚོགས་ཆུང་ཞིག་ཐེ་ལན་ལ་ཕྱོགས་ཕེབས། སྤྱི་འཐུས་ཀྱི་ཚོགས་ཆུང་ཞིག་ཐེ་ལན་ལ་ཕྱོགས་ཕེབས། རྒྱ་གར་གྱི་མཁའ་དབྱིངས་ལས་གྲྭ རྒྱལ་ས་ལྷ་སར་དགའ་ལྡན་ལྔ་མཆོད།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༢ ཚེས་༡༨

སྲིད་ཇུས་འཕོ་འགྱུར་ཆེན་པོ་བཏང་པ། ར་ཤི་ཡའི་དངུལ་གྱི་རིན་ཐང་ཉམས་པ། གློག་བརྙན་གསར་པ་དང་དྲ་རྒྱའི་གཏོར་རྒོལ། ཐེ་ལེན་ཌིར་སྤྱི་འཐུས་ཚོགས་ཆུང་ཕེབས་པ།

འབྲེལ་མཐུད་བརྒྱུད་ལམ།