བོད།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བར་ཞིབ་འཇུག

Watch Kunleng TV LIVE! (Windows)

ཐེངས་འདིའི་ལས་རིམ་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ནས་མི་ལོ་༢༤ འཁོར་བའི་དུས་འདིར་བཞུགས་སྒར་དྷ་རམ་ས་ལ་རུ་པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་ཅེས་པའི་དཔེ་དེབ་གསར་པ་ཞིག་འགྲེམ་སྤེལ་གནང་ཡོད་པའི་འཁཽད་དོན་དང་མཛད་འཕྲིན་གཞན་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལ་རུ་རྟེན་གཞི་བྱས་ཡོད་པའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཞོན་པ་དང་། པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་གཙང་ཕྲུག་སྟོབས་ལགས་གདན་འདྲེན་ཞུས་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་ཚོགས་ཆེན།i
X
01.10.2014
ཟླ་བ་སྔོན་མའི་ཚེས་ ༢༠ དང་༢༡ བཅས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་གནང་ནས་རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། དེ་ལྟ་བུའི་རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་རྣམས་སྡིང་ཆ་གཅིག་ལ་ལྷན་འཛོམས་གནང་བ་ནི་ཉེ་བའི་དུས་སུ་རྒྱ་གར་གྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང་།
བརྙན་འཕྲིན།

བརྙན་འཕྲིན། རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་ཚོགས་ཆེན།

ཟླ་བ་སྔོན་མའི་ཚེས་ ༢༠ དང་༢༡ བཅས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་སྤྱི་ནོར༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་གནང་ནས་རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། དེ་ལྟ་བུའི་རྒྱ་གར་གྱི་ཆོས་ལུགས་མི་འདྲ་བའི་དབུ་ཁྲིད་རྣམས་སྡིང་ཆ་གཅིག་ལ་ལྷན་འཛོམས་གནང་བ་ནི་ཉེ་བའི་དུས་སུ་རྒྱ་གར་གྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང་།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༠ ཚེས་༡

ཧོང་ཀོང་མི་མང་གི་དམངས་གཙོའི་ལས་འགུལ། ཧོང་ཀོང་དུ་བོད་ཀྱི་གློག་བརྙན་དུས་སྟོན། ༸གོང་ས་མཆོག་གིས་ནོ་བྷེལ་གཟེངས་རྟགས་བཞེས་ཏེ་ལོ་༢༥འཁོར་བའི་དུས་དྲན། ཨ་ཧྥ་གྷ་ནི་སི་ཐན་གྱི་སྲིད་འཛིན་གསར་པའི་དམ་འབུལ། རྒྱ་གར་སྲིད་བློན་གྱི་ཨ་རིའི་འཚམས་གཟིགས།
བརྙན་འཕྲིན།

བརྙན་འཕྲིན། བདེ་ཆེན་ཤག་ གྲགས་སྲས། ཆོས་དབྱངས་ལེན་མཁན།

བདེ་ཆེན་ཤག་གྲགས་སྲས་ལགས་ནི་སུད་སི་ནང་གནས་འཁོད་ཞལ་འདོན་དང་གཟུངས་སྔགས་སོགས་རྟ་དབྱངས་ཀྱི་ཐོག་ནས་འདོན་གནང་མཁན་ཞིག་ཡིན་ཞིང། ད་ཕན་ཁོང་སྒེར་གྱི་ངོས་ནས་ཆོས་དབྱངས་འོད་སྡེར་བདུན་ཙམ་བཏོན་གནང་ཡོད་པ་དང་གླུ་པ་གཞན་པའི་མཉམ་དུ་འོད་སྡེར་འགའ་ཤས་བཏོན་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་ནང་དང་བཙན་བྱོལ་ནང་ལ་རོགས་སྐྱོར་ལས་དོན་མང་པོ་ཞིག་གཉེར་མུས་ རེད།
བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༩ ཚེས་༢༩

ཧོང་ཀོང་གི་ངོ་རྒོལ་ལ་ཡ་ལན། བོད་རིགས་སློབ་མ་གསུམ་བསད་པ། ཉི་ཧོང་དང་བྱང་ཀོ་རི་ཡའི་གྲོས་མོལ། ཨ་རིའི་ཨི་བྷོ་ལཱ་ནད་པ་གསར་པ། རྒྱ་གར་སྲིད་བློན་གྱི་གཟིགས་སྐོར།

འབྲེལ་མཐུད་བརྒྱུད་ལམ།