ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཐེ་ལན་གྱི་གཞུང་འཛིན་ཚོགས་པར་ངོ་རྒོལ།


གཟའ་སྤེན་པའི་ཉིན་ཐེ་ལན་གྱི་རྒྱལ་སར་བྷན་ཁོག་གྲོང་ཁྱེར་དུ་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་རྒྱ་ཆེ་ཞིག་བྱ་འཆར་ཡོད་པར་བརྟེན། ཐེ་ལན་གྱི་གཞུང་འཛིན་ཚོགས་པས་ཛ་དྲག་གི་དབང་ཆ་བདེ་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་ཅིང་། གཟའ་མཇུག་གི་ངོ་རྒོལ་རྔམ་སྟོན་དེར་མི་གྲངས་ཁྲི་ཚོ་བདུན་ལྷག་འཛོམ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། ཐེ་ལན་ལ་དྲག་པོའི་ཟིང་འཁྲུག་ཀྱང་འབྱུང་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG