བོད།

འཛམ་གླིང་གི་ནང་པ་ཚོས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན།

པར་གཞིའི་ཚད། - +
ཐེ་ལན་རྒྱལ་ཁབ་ནས་ཆེད་དུ་ཕེབས་པའི་གནས་རྟེན་སྡེ་པའི་བླ་ཆེན་ཁག་དང་མཁས་དབང་རྣམ་པ་བཅས་མི་༣༥༠་ལྷག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཏེ། ཁོང་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཉི་མ་གཉིས་ལ་ལྷན་འཚོམས་གྲོས་མོལ་གནང་སྟེ། གནས་རྟེན་སྡེ་པའི་བླ་ཆེན་ཁག་དང་མཁས་དབང་རྣམ་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་གི་ནང་པ་སངས་རྒྱས་པ་ཡོངས་ཀྱི་མགོན་སྐྱབས་སུ་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་བ་བཏབ་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
འཛམ་གླིང་གི་ནང་པ་ཚོས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། དགེ་བཤེས་བློ་བཟང་བཀྲིས།

དགེ་བཤེས་བློ་བཟང་བཀྲིས་ལགས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེར་འཁྲུངས་ཡོད་པ་ དང། ལོ་ན་ཆུང་དུས་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་ གནང་ཡོད་པ་རེད། རིམ་བཞིན་སྒོ་མང་གྲྭ་ཚང་གི་དབུ་མཛད་ལ་བསྐོ་བཞག་བྱུང་ཏེ་གྲྭ་ཚང་ གི་དབུ་མཛད་ལོ་ངོ་བདུན་གནང་འདུག། 2003 ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ མཆོག་ཁོང་དཔལ་ལྡན་འབྲས་སྤུངས་དགོན་པའི་ཚོགས་ཆེན་དབུ་མཛད་ལ་བསྐོ་བཞག་ མཛད་ཡོད་པ་དང་དུས་མཚུངས་ཁོང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུ་མཛད་ཡང་ གནང་མུས་རེད།

འབྲེལ་མཐུད་བརྒྱུད་ལམ།