ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སི་རི་ཡས་ཡུ་རོབ་དང་ཨ་རིར་སྐྱོན་འཛུགས།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་ཅིག་སི་རི་ཡའི་གནས་སྟངས་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་། སི་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རང་ཡུལ་ལ་ནང་འཁྲུག་ལངས་ཡོད་པའི་འབྱུང་རྐྱེན་ནི་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་བརྟེན་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་སྐྱོན་འཛུགས་བྱས་ཏེ། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG