བོད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ།

Watch Kunleng TV LIVE! (Windows)

བོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས་སོགས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་གྱི་ལས་འགུལ་སྔར་ལྷག་གོང་མཐོར་གཏོང་ཐབས་ལ་བཞུགས་སྒར་དྷ་རམ་སཱ་ལཱར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུ་དེར་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ ༤༣ ནས་ཚོགས་བཅར་བ་ཉིས་བརྒྱ་ལ་ཉེ་བ་ཆེད་ཕེབས་གནང་ནས་ཉིན་གསུམ་རིང་གོ་བསྡུར་སྦྱང་བཤད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་གནང་ཕྱོགས་ཀྱི་ལས་རིམ་འཆར་འགོད་གནང་ཡོད་པ་རེད། ད་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་དམིགས་བསལ་བཅར་འདྲི་དང་ཡུ་རོབ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་། ནིའུ་ཡོག་ནས་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་གཉིས་གདན་འདྲེན་ཞུས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་ཐབས་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་མཉམ་ལས་ཀྱི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ལས་རིམ་གྱིས་བཀའ་བློན་ཁྲི་པ་ཟམ་གདོན་རིན་པོ་ཆེ་ལ་དམིགས་དམིགས་བསལ་བཅར་འདྲི་གླེང་མོལ་ཞུ་རྒྱུ་ཡིན ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་ལ་ཉེན་ཁ།i
X
27.03.2015
ཨ་རིའི་ནང་གི་རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་དང་རྒྱ་ནག་གིས་ངོས་ལེན་བྱེད་པའི་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་གྲགས་ཅན་ David Shambaugh ལགས་ཀྱིས། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ནོར་སྲིད་ཚགས་པར་དང་ནེའུ་ཡོག་དུས་བབ་སྟེང་རྩོམ་ཡིག་བཀོད་དེ། རྒྱ་ནག་དམར་པོའི་གཞུང་ཉམས་སྲིད་པའི་རྟགས་མཚན་འདུག་ཅེས་སྡོམ་ཚིག་བཀོད་པའི་ཐད་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་བགྲོ་གླེང་ཞུས་པ་ཡིན།།
བརྙན་འཕྲིན།

བརྙན་འཕྲིན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་ལ་ཉེན་ཁ།

ཨ་རིའི་ནང་གི་རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་དང་རྒྱ་ནག་གིས་ངོས་ལེན་བྱེད་པའི་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་གྲགས་ཅན་ David Shambaugh ལགས་ཀྱིས། འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ནོར་སྲིད་ཚགས་པར་དང་ནེའུ་ཡོག་དུས་བབ་སྟེང་རྩོམ་ཡིག་བཀོད་དེ། རྒྱ་ནག་དམར་པོའི་གཞུང་ཉམས་སྲིད་པའི་རྟགས་མཚན་འདུག་ཅེས་སྡོམ་ཚིག་བཀོད་པའི་ཐད་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་བགྲོ་གླེང་ཞུས་པ་ཡིན།།
བརྙན་འཕྲིན།

བརྙན་འཕྲིན། ལ་དྭགས་སྙིང་ནད་ཐེབས་རྩ་ཚོགས་པའི་ལས་དོན།

ལ་དྭགས་ས་ཁུལ་དུ་འཕྲོད་བསྟེན་གྱི་ལས་དོན་མང་པོ་བསྒྲུབ་བཞིན་པའི་ལ་དྭགས་སྙིང་གི་ན་ཚའི་ཐེབས་རྩ་ཚོགས་པའི་ལས་དོན་སྒྲུབ་ཕྱོགས་དང་། ས་ཁུལ་དེའི་མང་ཚོགས་ཀྱི་སྙིང་གི་ན་ཚའི་གནས་སྟངས་སོགས་ཀྱི་ཐད། ལ་དྭགས་སྙིང་ནད་ཐེབས་རྩའི་འགན་འཛིན་དགེ་སློང་ཐུབ་བསྟན་ཆོས་རྒྱལ་ལགས་དང་བགྲོ་གླེང་ཞུས་པ་ཡིན།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༣ ཚེས་༢༧

བོད་ཀྱི་ཞོ་སྟོན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པ། ཨོ་སི་ཊོ་ལི་ཡ་དང་ཨེ་ཤེ་ཡའི་ཁུལ་གྱི་སྤྱི་འཐུས། མཁས་པའི་ཆེ་བསྟོད་ཕྱག་འཁྱེར་འབུལ་བཞེས། ཧ་ཝར་ཊི་རུ་བཀའ་སློབ། འཇར་མཎ་གྱི་གནམ་གྲུའི་བརྡབས་རྐྱེན། ཡེ་མཎ། ཨ་རི་དང་ཨ་ཧྥ་གྷ་ནི་སི་ཏཱན། སིང་ག་ཕཱོར་གྱི་འགོ་ཁྲིད་གཤེགས་པ། བྷང་གྷ་ལ་དྷེ་ཤ་ཡེ་རང་བཙན་ཉིན་མོ། རྒྱ་ནག་དང་ཤྲི་ལངྐཱ་།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༥ ཟླ་ ༣ ཚེས་ ༢༦

དྲ་བརྙན་གསར་འགྱུར། ༢༠༡༥ ཟླ་ ༣ ཚེས་ ༢༦

འབྲེལ་མཐུད་བརྒྱུད་ལམ།