ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་མན་ཌར་སྨན་བཅོས།


ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་ནེལ་སེན་མན་ཌ་ལཱ་སྨན་ཁང་དུ་ཕེབས་ཏེ་སྨན་བཅོས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཏེ། ལྷོ་ཨ་ཧྥི་རི་ཀ་རྒྱལ་ཡོངས་སུ་མི་དམངས་ལ་བློ་འཚབ་ཆེན་པོ་བྱུང་མོད། འོན་ཀྱང་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་འཇེ་ཁོབ་འཛུ་མ་སྨན་ཁང་ལ་ཕེབས་ནས་སྐུ་ཞབས་མན་ཌ་ལཱར་མཇལ་འཕྲད་དང་འཚམས་འདྲི་ཞུས་པ་དང་། ད་ལྟ་གུང་གྲངས་༩༤་ལ་ཕེབས་པའི་སྲིད་འཛིན་ཟུར་པ་མན་ཌ་ལཱ་མཚན་གཅིག་སྨན་ཁང་དུ་སྐུ་ངལ་གསོས་པའི་རྗེས་སུ་སྐུ་གཟུགས་བདེ་ཐང་བྱུང་བའི་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་བློ་བཟང་བསྟན་པ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG