བོད།

རྒྱ་གར་གཞུང་དམངས་ལ་བོད་དོན་ཞུ་གཏུག་ལས་འགུལ་འགོ་འཛུགས།

པར་གཞིའི་ཚད། - +
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཁང་གིས་ཕྱི་ལུགས་ཀྱི་གནམ་ལོ་གསར་པའི་ཚེས་༡་ནས་༢༩་བར་དུ་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་འགོ་ཚུགས་ཡོད་ཅིང་། ད་རེས་ཇམུ་ལས་འགུལ་འདི་རྒྱ་གར་གྱི་ས་ཁུལ་ཁག་གསུམ་ལ་ཆ་བགོ་བྱས་ཏེ་སྤེལ་གྱིན་ཡོད་པའི་གྲས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་ལ་ཆེད་སྐྱོད་གནང་མཁན་སྤྱི་འཐུས་དྲུག་ཡོད་པའི་ནང་གི་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་སུ་འདི་གའི་ལས་བྱེད་པ་པདྨ་བདེ་ཆེན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།