བོད།

རྒྱ་བོད་མཁས་པའི་བགྲོ་གླེང་ཚོགས་འདུ།

Watch Kunleng TV LIVE! (Windows)

ཐེངས་འདིའི་ལས་རིམ་ནང་བཞུགས་སྒར་རྡ་རམ་ས་ལ་རུ་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གྱི་ཤུགས་རྐྱེན་ཐད་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཨོ་སི་ཊོ་ལི་ཡར་བོད་རྒྱ་འབྲེལ་ལམ་སྐོར་གྱི་རྒྱལ་སྤྱིའི་མཁས་པའི་ལྷན་ཚོགས་སྐོང་འཚོགས་གནང་བའི་མཇུག་འབྲས་དང་བརྗོད་བྱའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་སིད་སིའི་གྲོང་ཁྱེར་ཇེ་ནེ་ཝ་རུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གི་རྒྱ་ནག་ཉམས་ཞིབ་པ་བློ་བཟང་ཉི་མ་ལགས་དང་། དེ་བཞིན་དུ་བཞུགས་སྒར་དྷ་རམ་ས་ལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་་ཁང་གི་ཟུང་འབྲེལ་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་གདན་འདྲེན་ཞུས་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བོད་རྒྱའི་ཚོགས་འདུར་ཐུན་མོང་གི་རྟེན་གཞི་འཚོལ་བ།i
X
29.08.2014
གྲོང་ཁྱེར་ཧམ་བྷག་ནང་ཐུན་མོང་གི་རྟེན་གཞི་འཚོལ་བ་ཞེས་པའི་ཚོགས་འདུའི་སྟེང་བོད་རྒྱ་མི་རིགས་གཉིས་ནས་བགྲོ་གླེང་གོ་བསྡུར་གནང་བའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།།
བརྙན་འཕྲིན།

བརྙན་འཕྲིན། བོད་རྒྱའི་ཚོགས་འདུར་ཐུན་མོང་གི་རྟེན་གཞི་འཚོལ་བ།

གྲོང་ཁྱེར་ཧམ་བྷག་ནང་ཐུན་མོང་གི་རྟེན་གཞི་འཚོལ་བ་ཞེས་པའི་ཚོགས་འདུའི་སྟེང་བོད་རྒྱ་མི་རིགས་གཉིས་ནས་བགྲོ་གླེང་གོ་བསྡུར་གནང་བའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།།
བརྙན་འཕྲིན།

བརྙན་འཕྲིན། ༸གོང་ས་མཆོག་གི་ཇར་མན་ནང་གི་མཛད་འཕྲིན།

ཀུན་གླེང་ལས་རིམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཇར་མན་ནང་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས་པ་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༨ ཚེས་༢༩

ཇར་མི་ཎིའི་ཆིབས་སྒྱུར་གྲུབ་ནས་རྡ་སར་ཞབས་སོར་འཁོད་པ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཨ་རི་དང་རྒྱ་ནག ཡུ་ཀེ་རེན་དང་ཨུ་རུ་སུ། ཨེ་བྷོ་ལ་འགོས་ནད། པ་ཀི་སི་ཏན། ཨ་རི་དང་ཨི་རག དབྱིན་ཡུལ་དང་སི་ཀོ་ཊ་ལེཎ་ཌི། རྒྱ་གར་དང་ཉི་ཧོང་། དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་བཙོན་འཇུག ཟླ་བ་མཚོ་མོ་བཀག་ཉར། དབྱིན་ཡུལ་དོན་གཅོད་སྐུ་ཚབ་གསར་པ། སྤྱི་འཐུས་ཨོ་སི་ཊེ་རི་ལི་ཡར་ཕྱོགས་ཕེབས། ནང་སྲིད་བཀའ་བློན་ཨི་ཊི་ལིར་ཕྱོགས་ཕེབས།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༨ཚེས་༢༨

ཆིབས་སྒྱུར་ལེགས་གྲུབ། དགེ་བཤེས་ཞིག་ལ་ཁྲིམས་ཐག་བཅད་པ། བུད་མེད་ཟིན་བྲིས་པ་འཛིན་བཟུང་། དྲག་སྤྱོད་པར་རྒོལ་རྡུང་དང་འཁོན་ལན། ཧོང་ཀོང་གི་གསར་འགྱུར་རྒྱུད་ལམ།

འབྲེལ་མཐུད་བརྒྱུད་ལམ།