བོད།

སྲིད་སྐྱོང་མཆོག་གིས་དོན་ཕན་ལྡན་པའི་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་ཆོད་སེམས་བསྐྱར་ཟློས།

བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་གཉིས་རིང་འཚོགས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་ལྔ་བ་གྲོལ་བ་དང་དུས་མཚུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་ཐོག་དོན་དམ་གྱི་ལས་དོན་ཆེད་གནས་དུས་གང་རུང་དུ་མཉམ་ཞུགས་བྱེད་རྒྱུར་གྲ་སྒྲིག་ཡོད་ཅེས་བསྐྱར་ཟློས་གནང་ཡོད།
སྲིད་སྐྱོང་མཆོག་གིས་དོན་ཕན་ལྡན་པའི་བོད་རྒྱ་འབྲེལ་མོལ་བྱ་རྒྱུའི་ཆོད་སེམས་བསྐྱར་ཟློས།
Sikyong Reiterates to Engage in Meaningful Dialoguei
|| 0:00:00
...
 
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༠ཚེས་༣༠i
X
30.10.2014
ཨ་རིར་མཛད་འཕྲིན་མུ་མཐུད་སྐྱོང་བ། སྨན་ཞབས་པར་ཆེ་བསྟོད་གནང་བ། མཐོ་རིམ་ལས་བྱེད་ཕྱིར་འབུད། སྲིད་འཛིན་གསར་པ། བལ་ཡུལ་ལ་རོགས་རམ་འཕར་མ།
བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༡༠ཚེས་༣༠

ཨ་རིར་མཛད་འཕྲིན་མུ་མཐུད་སྐྱོང་བ། སྨན་ཞབས་པར་ཆེ་བསྟོད་གནང་བ། མཐོ་རིམ་ལས་བྱེད་ཕྱིར་འབུད། སྲིད་འཛིན་གསར་པ། བལ་ཡུལ་ལ་རོགས་རམ་འཕར་མ།
བརྙན་འཕྲིན།

བརྙན་འཕྲིན། ༧གོང་ས་མཆོག་གི་ཨ་ལ་བྷ་མའི་ཆིབས་བསྒྱུར།

༧གོང་ས་མཆོག་ཨ་རིའི་ནང་སྤྱི་དམངས་ཐོབ་ཐང་རྩོད་ལེན་གྱི་ལོ་རྒྱུས་དང་འབྲེལ་བ་ཆེ་བའི་ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་གྲོང་ཁྱེར་བྷར་མིང་ཧམ་ལ་ཆིབས་བསྒྱུར་གནང་ནས་མང་ཚོགས་ལ་བཀའ་སློབ་དང་ཆོས་ལུགས་མཛའ་མཐུན་སྐོར་ལ་བཀའ་སློབ་གནང་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་རེད། ད་རིང་ཀུན་གླེང་ལས་རིམ་ནང་གྲོང་ཁྱེར་དེར་ཡོད་པའི་བློ་གསལ་མེ་ཏྲི་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན་བསྟན་འཛིན་བདེ་གཤེགས་ལགས་གདན་འདྲེན་ཞུས་ལས་༧གོང་ས་མཆོག་གི་མཛད་འཕྲིན་དང་གྲོང་ཁྱེར་གྱི་ལོ་རྒྱུས་སྐོར།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༠ ཚེས་༢༩

ཨ་རིའི་གྲོས་ཚོགས་ཀྱི་འོས་བསྡུ་བར་མ། སྲིད་འཛིན་བྷ་རག་ཨོ་བྷ་མ། ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས། ཆོས་ལུགས་ཀྱི་ར་བ་ལས་བརྒལ་བའི་བགྲོ་གླེང་། ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད། ཚངས་དབྱངས་རྒྱ་མཚོ་ལ་ལོ་༡༢་ཀྱི་ཁྲིམས་ཆད། དོན་འགྲུབ་དབང་ཆེན་ལ་གཟེངས་རྟགས། བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་ལོ་བཅུ་འཁོར་བ། སྲིད་སྐྱོང་བློ་བཟང་སེངྒེ་།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། དྷ་རམ་ས་ལའི་གློག་བརྙན་དུས་ཆེན།

བཞུགས་སྒར་དྷ་སམ་ལ་སར་འདས་པའི་བདུན་ཕྲག་གཅིག་ལྷག་ཙམ་རིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རིམ་པར་གོ་སྒྲིག་གནང་ཡོད་པ་མ་ཟད། སང་ཉིན་ནས་དྷ་སམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐེངས་གསུམ་པ་འགོ་འཛུགས་གནང་གི་ཡོད་རེད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་དྷ་རམ་ས་ལའི་གློག་བརྙན་དུས་ཆེན་གོ་སྒྲིག་གནང་མཁན་དང་གློག་བརྙན་བཟོ་སྒྲིག་གནང་མཁན་བསྟན་འཛིན་བསོད་ནམས་ལགས་གདན་འདྲེན་ཞུས་ནས་གློག་བརྙན་དུས་ཆེན་གྱིས་ནུས་པ་དང་དེ་དག་གི་འཕེལ་རིམ་སོགས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།

འབྲེལ་མཐུད་བརྒྱུད་ལམ།