བོད།

ངག་དབང་ནོར་འཕེལ་འདས་གྲོངས།

ངག་དབང་ནོར་འཕེལ་ངག་དབང་ནོར་འཕེལ་
x
ངག་དབང་ནོར་འཕེལ་
ངག་དབང་ནོར་འཕེལ་
པར་གཞིའི་ཚད། - +
བོད་ནས་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༦་ཚེས་༢༠་ཉིན་བོད་ཀྱི་སྒ་སྐྱེ་དགུ་མདོ། རྗ་སྟོད་གྲོང་རྡལ་དུ་ངངག་དབང་ནོར་འཕེལ་དང་རོགས་པ་ཞིག་གིས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ཡི་གེ་ཞིག་ལ་མིང་རྟགས་བཀོད་པའི་རྗེས་སུ་རང་ལུས་མེར་སྲེག་བཏང་སྟེ། རོགས་པ་དེ་སྐབས་དེར་འདས་གྲོངས་སུ་གྱུར་ཀྱང་ངག་དབང་ནོར་འཕེལ་ལགས་དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་དེར་སྨན་བཅོས་བྱས་ཀྱང་ཕན་མེད་པ་དང་། ཕྱི་ཟླ་༧་ཚེས་༣༠་ངག་དབང་ནོར་འཕེལ་ཟི་ལིང་གི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་བཞིན་བོད་ཀྱི་མདོ་སྟོད་སྨད་གཉིས་སུ་གྲྭ་བ་གཞན་པ་གཉིས་ཀྱང་ཁུངས་སོ་སོར་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་ཞིག་པདྨ་བདེ་ཆེན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་དེར་གསན་རོགས་གནང་།
ངག་དབང་ནོར་འཕེལ་འདས་གྲོངས།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།