ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་མདོ་རྔ་པར་བོད་པ་གཉིས་ཀྱིས་རང་སྲེག་ངོ་རྒོལ།


ད་ལྟ་གསར་དུ་གནས་ཚུལ་ཐོན་པར་གཞིགས་ན། དེ་རིང་ཕྱི་ཟླ་༨་ཚེས་༡༣་ཉིན་བསྐྱར་དུ་ཨ་མདོ་རྔ་པར་བོད་པ་གཉིས་ཀྱིས་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་བའི་གནས་ཚུལ་བྱུང་འདུག་ཅིང་། དེ་ཡང་བོད་ཕྱི་ནང་གི་གནས་ཚུལ་བྱུང་ཁུངས་ཁ་ཤས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན། དེ་རིང་གཟའ་ཟླ་བའི་ཉིན་རྔ་པར་ས་གནས་ཀྱི་དགོང་མོའི་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བོད་པ་གཉིས་ཀྱིས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་འདུག་ཀྱང་། ད་སྔ་རང་ལུས་མེ་སྲེག་གཏོང་མཁན་བོད་པ་དེ་དག་སུ་སུ་ཡིན་མིན་གྱི་གནས་ཚུལ་ཞིབ་ཕྲ་ཞིག་ཐོན་མེད་པ་དང་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན། རང་ལུས་མེ་སྲེག་གི་གནས་ཚུལ་འདི་བྱུང་བའི་རྗེས་སུ་ས་གནས་དེར་ཡོད་པའི་བོད་པ་ཚོས་རང་སྲེག་ངོ་རྒོལ་བ་གཉིས་ལ་རོགས་རམ་བྱ་ཐབས་བྱས་པའི་སྐབས་སུ་རྒྱ་གཞུང་གི་བདེ་འཇགས་མི་སྣ་ཡོང་སྟེ། ཉེ་འཁོར་གྱི་བོད་པ་དེ་དག་གི་ལག་ནས་རང་སྲེག་ངོ་རྒོལ་བ་གཉིས་བཙན་འཕྲོག་བྱས་པ་མ་ཟད། སྐབས་དེར་མི་དམངས་དང་ཉེན་རྟོག་པ་འཐབ་འཁྲུག་བྱུང་བའི་གནས་ཚུལ་ངེས་ཅན་ཞིག་བྱུང་ཡོད་པ་དང་། བོད་པ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG